འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་བོད་གཞུང་ལམ་བོད་ལྗོངས་སྤོ་བོའི་ལམ་དུམ་དུ་དུས་བཀག་ཚོད་འཛིན་
    དོ་དམ་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་15ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཁྲོན་བོད་གཞུང་ལམ་ཉིང་ཁྲི་སྤོ་བོའི་ལམ་དུམ་དུ་སྣུམ་ནག་འདིང་བཞིན་ཡོད་པས་ཚེས་15ཉིན་ནས་བཟུང་། དུས་ཡུན་ཟླ་གཅིག་རིང་འགྲིམ་འགྲུལ་དུས་བཀག་ཚོད་འཛིན་དོ་དམ་བྱ་རྒྱུ་ཡིན་པས་རྒྱ་ཆེའི་ཁ་ལོ་བ་ཚོས་སྔ་སྣུར་དུ་གཞུང་ལམ་གནས་ཚུལ་ཤེས་རྟོགས་ཐུབ་པ་བྱས་ཏེ་ལུགས་མཐུན་ངང་འགྲོ་འོང་བཀོད་སྒྲིག་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
         གསར་འགོད་པས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ནས་ཤེས་རྟོགས་བྱས་པར། ཁྲོན་བོད་གཞུང་ལམ་སྤོ་བོ་རྫོང་ཁ་རྟ་ཟམ་པ་ནས་རྫོང་གྲོང་གི་ལམ་དུམ་དུ་སྣུམ་ནག་འདིང་བཞིན་ཡོད་པས་བཀག་སྡོམ་གྱི་ལས་སྒྲུབ་དང་དུས་བཀག་གི་འགྲིམ་འགྲུལ་དོ་དམ་བྱ་རྒྱུ་ཡིན། ཞིབ་ཕྲའི་དོ་དམ་བྱ་ཡུལ་གྱི་ལམ་དུམ་ནི་ཁྲོན་བོད་གཞུང་ལམ་གྱི་རྒྱལ་ལམ་318ཀྱི་4008KM-4022KMབར་ཡིན་པ་དང་། བཀག་སྡོམ་དུས་ཚོད་ནི་ཟླ་11ཚེས་15ཉིན་ནས་ཟླ་12ཚེས་15ཉིན་བར་གི་ཉིན་རེའི་སྔ་དྲོ་དང་ཕྱི་དྲོ་ཡིན། ཉིན་རེའི་ཉིན་གུང་དང་དགོང་དྲོར་རླངས་འཁོར་གཏོང་རྒྱུ་ཡིན་པ་རེད།
         ཁྲོན་བོད་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་2400ཡོད་པ་དང་། ལམ་རྒྱུད་ཀྱི་ཡུལ་ལྗོངས་ལྟ་ན་སྡུག་པས་ཉེ་བའི་ལོ་ཤས་ནང་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་འགྲོ་བའི་མཚོན་བྱེད་རང་བཞིན་གྱི་ལམ་བུར་འགྱུར་ཡོད། དེ་དང་དུས་མཚུངས་ད་དུང་བོད་ནས་འགྲོ་འོང་བྱེད་སའི་མ་ལམ་ཡིན་པས་དངོས་ཟོག་དང་འགྲུལ་པ་སྐྱེལ་འདྲེན་ཡང་སེ་བྱེད་ཀྱི་ཡོད། སྤོ་བོ་རྫོང་དེ་ཁྲོན་བོད་གཞུང་ལམ་གྱི་བར་དཀྱིལ་དུ་གནས་ཡོད་པ་དང་ཡུལ་ལྗོངས་ཧ་ཅང་གི་མཛེས་སྡུག་ལྡན་མོད། ས་ཁོངས་ནང་གི་ས་དབྱིབས་གཡང་གཟར་བས་རང་བྱུང་གནོད་འཚེ་ཅུང་ཐོན་མང་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།