འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་གཞུང་ལམ་འཛུགས་སྐྲུན། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་10ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ཀྱི་གཞུང་ལམ་འཛུགས་སྐྲུན།
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་བོད་ཀྱིས་འགྲིམ་འགྲུལ་དང་། ཆུ་བེད། ནུས་རྒྱུ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མི་ཆད་པར་སྐྲུན་མགྱོགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཀྱི་དགོས་མཁོ་བསྐངས་ཡོད། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་ལྗོངས་ཡོངས་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལ་སྒོར་དུང་ཕྱུར་300ལྷག་ཙམ་བཏང་བ་དང་། ཆུ་བེད་འདུ་འགོད་འཛུགས་སྐྲུན་རྣམ་གྲངས་འགོ་བཙུགས་པ་དང་བསྐྱར་དུ་སྐྲུན་འགོ་བརྩམས་པ་344ཟིན་པར་སྒོར་དུང་ཕྱུར་48.8བཏང་བ། ནུས་རྒྱུའི་རྣམ་གྲངས་ལ་མ་འཇོག་སྒོར་དུང་ཕྱུར་85.69བཏང་ཡོད། 2016ལོར་ཡན་ལག་རྣམ་གྲངས་1996བཀོད་སྒྲིག་བྱས་པའི་ནང་205ལེགས་གྲུབ་ཟིན་པ་དང་1689སྐྲུན་བཞིན་ཡོད་པས་རྣམ་གྲངས་འགོ་འཛུགས་ཚད་94.9%ཟིན་ཞིང་། འདི་ནི་མཚོ་གཉིས་རྫོང་ཁོངས་ཀྱི་གཞུང་ལམ་བཟོ་ཡུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།