འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་འབའ་རྫོང་དུ་ད་བར་གསོན་པའི་འཛམ་གླིང་ཐོག་གི་རི་སྐྱེས་ཆུ་ཤིང་འོམ་བུའི་
    སྡོང་རྒན་ཚལ་ཆེ་ཤོས་བསྣུབ་སྲིད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་11ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཚོ་སྔོན་འབའ་རྫོང་དུ་ད་བར་གསོན་པའི་འཛམ་གླིང་ཐོག་གི་རི་སྐྱེས་ཆུ་ཤིང་འོམ་བུའི་
སྡོང་རྒན་ཚལ་ཆེ་ཤོས་བསྣུབ་སྲིད་པ།
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་འབའ་རྫོང་ཁོ་ནར་ཡོད་པའི་རི་སྐྱེས་ཆུ་ཤིང་འོམ་བུའི་སྡོང་རྒན་ཚལ་དེ་འཛམ་གླིང་ཐོག་ཆེ་ཤོས་ཡིན་པ་དང་། འཆར་འགོད་བྱེད་བཞིན་པའི་གཡང་འཁྱིལ་ཆུ་ཤུགས་གློག་ཁང་གི་ཆུ་མཛོད་ཁུལ་དུ་གནས་ཡོད། 2018ལོའི་ལོ་མཇུག་ཏུ་ཆུ་རགས་བསྐྲུན་ཟིན་རྗེས་དེ་གར་རྦད་དེ་ཆུས་བསྣུབ་རྒྱུ་རེད། གཡང་འཁྱིལ་ཆུ་ཤུགས་གློག་ཁང་གི་ལས་གྲྭའི་མ་འཇོག་མཁན་གྱིས་སྤོ་འཛུགས་སྲུང་སྐྱོབ་ཇུས་གཞི་བཏོན་པ་དང་། རྩི་ཤིང་རིགས་གཅིག་མཁས་ཅན་གྱིས་ས་ཆ་དངོས་སུ་བསྐྱོད་དེ་རྟོག་ཞིབ་བྱས་རྗེས་ཆུ་ཤིང་འོམ་བུའི་སྡོང་རྒན་སྤོ་འཛུགས་བྱ་རྒྱུར་མོས་མཐུན་མ་བྱས་པར“ས་གནས་དེ་གའི་ས་རྒྱུའི་ཁྱད་ཆོས་དང་སྤོ་འཛུགས་དུས་ཡུན་ལ་བརྟག་ཚེ་སྡོང་རྒན་སྤོ་འཛུགས་བྱེད་མི་ཐུབ། ཨུ་ཚུགས་ཀྱིས་སྤོ་འཛུགས་བྱས་ཚེ་སྡོང་རྒན་དེ་དག་རྦད་དེ་སྐམ་སྲིད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།