འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ཀྲུང་དབྱང་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་
    འཛུགས་སྐྲུན་ཁྲོམ་ར་རྒྱ་ཆེར་གཏོང་རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་15ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀྲུང་གོ་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ཀྲུང་གོ་རྒྱུ་ཆ་ཨར་འདམ་ཚད་ཡོད་འགན་འཁྲི་ཀུང་སིའི་མ་འཇོག་མ་རྐང་ཚོད་འཛིན་ལས་སྟེགས་ཀུང་སི་ཀྲུང་གོ་རྒྱུ་ཆ་Mpandeརྡོ་ཞོ་དང་མཉམ་དུ“ཀྲུང་གོའི་རྒྱུ་ཆ་ཙན་པི་ཡ་ཨར་སྐྲུན་རྒྱུ་ཆའི་བཟོ་ལས་གླིང”གི་རྣམ་གྲངས་ལ་ཨ་སྒོར་དུང་ཕྱུར་1.6གི་དངུལ་བུན་གན་རྒྱ་བཞག་ཡོད་པ་རེད།
         ད་ཕན་ལོ་ཤས་རིང་། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ཙན་པི་ཡར་མ་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར། ཀྲུང་གོས་ཙན་པི་ཡའི་དངུལ་རྩའི་རིགས་མིན་པའི་ཐད་ཀའི་མ་འཇོག་བྱེད་ཚད་དེ་སྔའི་ཨ་སྒོར་དུང་ཕྱུར་30ལྷག་ཙམ་གྱི་རྨང་གཞིའི་ཐོག་གསར་དུ་ཨ་སྒོར་དུང་ཕྱུར་1.86མང་དུ་བཏང་ཡོད། མིག་སྔའི་བར། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་རྣམ་གྲངས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་115ལ་ཁྱབ་པ་དང་རིམ་རྩིས་བྱས་ན། ཙན་པི་ཡར་ཨ་སྒོར་དུང་ཕྱུར་20ཙམ་གྱི་ཡིད་རྟོན་ཁག་ཐེག་བྱ་རྒྱུའི་ཁས་ལེན་བྱས་པ་དང་དངུལ་བུན་ཨ་སྒོར་དུང་ཕྱུར་6ཙམ་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།