འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མགོ་ལོག་ཁུལ་གྱིས་མི་རིགས་སློབ་གསོའི་ལས་དོན་གྱི་སྔོན་ཐོན་ལས་དོན་པར་
    གཟིགས་བཟོས་ཆེན་པོ་སྤྲད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་15ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་སློབ་གསོའི་ལས་དོན་ཚོགས་འདུ་ཚོགས་པ་དེས་མི་རིགས་སློབ་གསོའི་བྱ་གཞག་ལ་གཞོལ་མཁན་ལས་དོན་པའི་སྙིང་སྟོབས་རབ་ཏུ་འཕེལ་ཡོད། ཁུལ་སྲིད་གཞུང་གིས་ནོར་སྲིད་གྲོན་དངུལ་ནས་སྒོར་ཁྲི་213བཏང་ནས་གཡུར་ཟའི་གྲུབ་འབྲས་ཐོབ་པའི་སྔོན་ཐོན་ས་ཁུལ་དང་། སྔོན་ཐོན་མཉམ་སྡེབ། སྔོན་ཐོན་མི་སྒེར་བཅས་ལ་གཟིགས་བཟོས་ཆེན་པོ་སྤྲད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་དེས་སློབ་གསོའི་འགན་འཁྲི་དོན་འཁྱོལ་དང་། སློབ་བསྡུ། “གཞི་རྩའི་ཆ་གཉིས”སྲ་བརྟན་དང་མཐོར་གཏོང་། བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས། སློབ་གྲྭའི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར། སློབ་གྲྭར་བྱ་བ་དངོས་སྒྲུབ་པ་སོགས་ཐད་ཀྱི་བྱས་རྗེས་དངོས་གཙོ་བོར་བཟུང་སྟེ་2015ལོའི་སློབ་གསོ་ཚད་ལོན་ཤང་གྲོང་10དང་། སློབ་གསོ་ཚད་ལོན་སློབ་གྲྭ་15 དཔེ་སྟོན་སློབ་གྲྭ་3བཅས་དཔྱད་འདེམས་བྱས་ཏེ་དཔེ་སྟོན་སློབ་གྲྭ་རེར་སྒོར་ཁྲི་5གཟིགས་བཟོས་སྤྲད་པ་དང་། སློབ་གྲྭས་འོས་སྦྱོར་དང་རྫོང་སློབ་གསོ་སྡེ་ཚན་གྱིས་ཐོག་མའི་ཞིབ་དཔྱད་བརྒྱུད་དཔྱད་འདེམས་བྱས་པ་དང་རྫོང་དེ་ཡོངས་སུ་ཡོངས་བསྒྲགས་བྱས་རྗེས་ཁུལ་སློབ་གསོ་ཅུས་དཔྱད་ཞིབ་ཚོགས་ཆུང་གིས་བསྐྱར་དུ་ཞིབ་དཔྱད་བྱས་ཏེ་ཁྱོན་བསྡོམས་ཕུལ་བྱུང་དགེ་རྒན་20དང་། ཕུལ་བྱུང་སློབ་སྤྱི་8 སློབ་གསོའི་སྔོན་ཐོན་ལས་དོན་པ་8བཅས་བདམས་ནས“ཕུལ་བྱུང་དགེ་རྒན”མི་རེར་སྒོར་ཁྲི་གཅིག་དང་། “ཕུལ་བྱུང་སློབ་སྤྱི”མི་རེར་སྒོར་ཁྲི་གཉིས། སློབ་གསོའི་སྔོན་ཐོན་ལས་དོན་པ་མི་རེར་སྒོར་5000བཅས་ཀྱི་གཟིགས་བཟོས་སྤྲད་པ་དང་། ཕྱོགས་བསྡུས་ཞིབ་དཔྱད་ནང་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་བྱུང་བ་དང་ཚད་ལས་བརྒལ་ནས་ལེགས་གྲུབ་བྱུང་བ་མ་ཟད། ཁུལ་དེ་ཡོངས་ཀྱི་མདུན་གྲལ་གསུམ་པར་སླེབས་པའི་པད་མ་རྫོང་དང་། རྨ་ཆེན་རྫོང་། དར་ལག་རྫོང་བཅས་ལ་སྒོར་ཁྲི་50དང་། ཁྲི་30 ཁྲི་20བཅས་སོ་སོར་གཟིགས་བཟོས་སུ་སྤྲད་པ། འབྲིང་རྒྱུགས་ཀྱི་ཆ་སྙོམས་སྦྱངས་འབྲས་ཁུལ་དེ་ཡོངས་ཀྱི་ཨང་དང་པོ་དང་གཉིས་པར་སླེབས་པའི་སློབ་གྲྭ་གཉིས་ལ་སྒོར་ཁྲི་5དང་ཁྲི་3སོ་སོར་གཟིགས་བཟོས་སུ་སྤྲད་པ། གཅིག་གྱུར་རྒྱུགས་ལེན་གྱི་ཆ་སྙོམས་སྦྱངས་འབྲས་མདུན་གྲལ་བཅུའི་ནང་སླེབས་པའི་སློབ་གྲྭར་སྒོར་ཁྲི་5རེ་གཟིགས་བཟོས་སྤྲད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།