འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།འགྲིམ་འགྲུལ་དངུལ་ཁང་ལོན་ཏོན་ཡན་ལག་དངུལ་ཁང་དངོས་སུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་15ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འགྲིམ་འགྲུལ་དངུལ་ཁང་ལོན་ཏོན་ཡན་ལག་དངུལ་ཁང་བཙུགས་པའི་མཛད་སྒོ་ལོན་ཏོན་དུ་སྤེལ་བ་དེ་ཐོག་ནས་དབྱིན་ཇིར་འགྲིམ་འགྲུལ་དངུལ་ཁང་གི་ལས་སྒོ་འཕེལ་རྒྱས་འགྲོ་བའི་དུས་མཚམས་གསར་པར་སླེབས་པ་དང་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ལོན་ཏོན་ཁྲོམ་རའི་ཀྲུང་གོས་མ་འཇོག་བྱས་པའི་དངུལ་ཁང་གི་སྟོབས་ཤུགས་ཆེ་རུ་ཕྱིན་པ་མཚོན་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། འགྲིམ་འགྲུལ་དངུལ་ཁང་གིས་དབྱིན་ཇིའི་ཁྲོམ་རར་སྣང་ཆེན་བྱས་ཏེ་1993ལོར་ལོན་ཏོན་འཐུས་མི་ཁྲུའུ་བཙུགས་པ་དང་། 2004ལོར་ཧུའེ་ཧྥུང་དངུལ་ཁང་མ་རྐང་འཇོག་མཁན་ཆེ་གྲས་ཨང་གཉིས་པར་བཀུག་པ། 2011ལོར་ལོན་ཏོན་དུ་ཡན་ལག་དངུལ་ཁང་བཙུགས་པ། 2015ལོའི་ཟླ་བ་བཅུ་པར་འགྲིམ་འགྲུལ་དངུལ་ཁང་དང་དབྱིན་ཇིའི་ཚོང་དོན་མ་འཇོག་སྤྱི་ཁྱབ་ཧྲུའུ་དབར་མཉམ་ལས་ཀྱི་བསམ་ཤེས་དྲན་ཐོའི་ཐོག་མིང་རྟགས་བཀོད་པ་བཅས་བྱས་ནས་ཐུན་མོང་ཐོག་ཀྲུང་གོ་དང་དབྱིན་ཇི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།