འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཇེ་ཚང་དུ་བཏང་ནས་སློབ་གསོ་འདྲ་མཉམ་ཡོང་
    བར་འགན་ལེན་ཏན་ཏིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་14ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཇེ་ཚང་དུ་བཏང་ནས་སློབ་གསོ་འདྲ་མཉམ་ཡོང་
བར་འགན་ལེན་ཏན་ཏིག་བྱས་པ།
          མི་དམངས་དྲ་བའི་འཕྲིན། དམིགས་བསལ་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་ནི་སློབ་གསོ་འདྲ་མཉམ་ཡོང་བར་སྐུལ་སྤེལ་བཏང་སྟེ་སློབ་གསོ་དེང་རབས་ཅན་དུ་འགྱུར་བར་བྱེད་པའི་ནང་དོན་གཙོ་བོ་རེད། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་དབང་བོ་སྐྱོན་ཅན་གྱི་རྨོངས་སེལ་སློབ་གསོ་དེ་ལྗོངས་ཡོངས་ཀྱི་རྨོངས་སེལ་གྱི་སྤྱིའི་འཆར་འགོད་དུ་བཅུག་ནས་དམིགས་བསལ་སློབ་གསོའི་འབྲེལ་ཡོད་འགྲོ་གྲོན་གྱི་ཚད་གཞི་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་མུ་མཐུད་དུ་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་ནས་དབང་བོ་སྐྱོན་ཅན་གྱི་བྱིས་པ་ལོ་ཆུང་གི་འོས་འགན་སློབ་གསོ་ཁྱབ་ཚད་མཐོ་རུ་བཏང་བ་རེད། 2000ལོར་ལྷ་ས་གྲོང་ཁྱེར་གྱིས་་བོད་ལྗོངས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་པོ་བཙུགས་རྗེས། ལྷོ་ཁ་དང་། གཞིས་ཀ་རྩེ། ཆབ་མདོ། ནག་ཆུ་སོགས་གྲོང་ཁྱེར་དང་ས་ཁུལ་གྱིས་ཀྱང་སྔོན་རྗེས་སུ་དམིགས་བསལ་སློབ་གསོའི་སློབ་གྲྭ་བཙུགས་པ་རེད། པར་འདི་ནི་ནག་ཆུ་ས་ཁུལ་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མ་ཚོས་ཁམས་གསོ་སྦྱོང་བརྡར་བྱེད་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།