འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཞིང་(ལྗོངས་)སྒྲོལ་བའི་རིམ་མཐོའི་གཞུང་ལམ་དང་པོ་དང་ཁོར་ཡུག་
    སྲུང་སྐྱོང་ལས་དོན་མཉམ་དུ་བསྒྲུབ་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་15ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོའི་རྒྱལ་ལམ་318ཀྱི་ཉིང་ཁྲི་ནས་ལྷ་ས་བར་གྱི་གཞུང་ལམ་སྒྱུར་བཀོད་ལས་ཡུལ་མཚོ་བོད་ས་མཐོའི་ཐོག་གནས་པ་དང་སྣོད་བཅུད་ཁོར་ཡུག་ཉམས་ཞན་ཡིན། བོད་ཀྱི་ཞིང་ལྗོངས་སྒྲོལ་བའི་རིམ་མཐོའི་གཞུང་ལམ་དང་པོ་དེ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གཏན་ལ་འཁེལ་བའི་འཕེལ་རྒྱས་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་ལས་འགོ་ཚུགས་པ་ནས་བཟུང་ཁོར་ཡུག་སྲུང་སྐྱོང་སླར་གསོའི་ལས་དོན་དེ་ཕྱོགས་ཁག་གིས་དོ་ཁུར་བྱེད་པའི་གནས་སུ་བཞག་ཡོད།
         མིག་སྔར་ཉིང་ཁྲི་དང་ལྷ་སའི་བར་གྱི་ལམ་དུམ་གཉིས་པའི་དུས་ཐེངས་དང་པོའི་ལས་གྲྭ་2015ལོར་རྩིས་སྤྲད་ཟིན་པ་དང་ལས་གྲྭའི་མ་གནས་མཐོ་བ་དང་དཀའ་ཚེགས་ཆེ་བའི་དུས་མཚམས་བཞི་པའི་དུས་ཐེངས་གཉིས་པའི་ལས་གྲྭ་སྐྲུན་བཞིན་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། གཞུང་ལམ་ཧྲིལ་པོ་2018ལོར་བསྐྲུན་ཚར་རྒྱུ་རེད།
         ཉིང་ལྷའི་གཞུང་ལམ་སྨན་གླིང་ནས་མེ་ཏོག་དུམ་བུའི་བཀོད་འདོམས་པུའི་འགན་འཁུར་བས་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་མི་ཕོག་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྤུས་འབོར་གཉིས་ལྡན་དང་དུས་བཀག་ལྟར་ལས་གྲྭ་ལེགས་འགྲུབ་བྱ་རྒྱུ་དེ་ལས་གྲྭའི་གཙོ་གནད་དང་དཀའ་གནད་རེད་ཅེས་བརྗོད་བྱུང་།
         འགན་འཁུར་བས་“སྨན་གླིང་ནས་མེ་ཏོག་དུམ་བུར་ཆ་མཚོན་ན། གཞུང་ལམ་འཛུགས་སྐྲུན་གྱི་སྔོ་འགྱུར་འདུ་འགོད་ཐད་ཁྱོན་དངུལ་སྒོར་དུང་ཕྱུར་1.89བཏང་བ་དེས་ཨར་ལས་གན་རྒྱའི་རིན་གོང་གི་6%བཟུང་ཡོད། ལམ་ཐིག་འདེམས་སྐབས་སྔར་ཡོད་ས་ཆ་དང་སྐྱེ་དངོས་ལ་གང་ཐུབ་ཅི་ཐུབ་ཀྱིས་གཏོར་བཤིག་མི་ཕོག་པ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཡོད། ཤང་གྲོང་ལས་གཡོལ་བ་དང་། བཤིག་སྤོ་ཉུང་དུ་གཏོང་བ། ཞིང་ནང་ཆུ་བེད་སྒྲིག་བཀོད་ལ་གཏོར་བཤིག་མི་ཕོག་པ་བཅས་བྱས་པ་མ་ཟད། ཟམ་པ་རྒྱག་སྐབས་ཡིད་གཟབ་བྱས་ཏེ་ལམ་རྒྱུད་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་མི་ཕོག་པ་བྱས་ཡོད”ཅེས་བརྗོད་བྱུང་།
         འགན་འཁུར་བ་དེས་དེ་ལྟར་དབང་གིས་སྤྱི་ལེ་14སའི་ལམ་དུམ་གསུམ་གླང་ཚེར་ཚང་ཚིང་ཁུལ་ནས་གཡོལ་ཡོད། ཉིང་ལྷའི་ལམ་རྒྱུད་དག་སྤང་རྩྭ་ཡིན་པ་དང་ཨར་སྐྲུན་ཚན་པས་བཀོག་པའི་སྤང་རྣམས་ཨང་ཀི་བྲིས་ནས་མཉམ་དུ་སྤུངས་པ་དང་བདག་པོ་བརྒྱབ་སྟེ་གཞུང་ལམ་བསྐྲུན་ཟིན་རྗེས་སླར་ཡང་བསྒྲིག་རྒྱུ་ཡིན་ཞེས་བརྗོད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།