འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་སྟོན་མཇུག མི་ཡུལ་གྱི་མཛེས་ཆོས་གཅིག་ཏུ་འདུས་པའི་གནས་མཆོག

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་11ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལྷ་སའི་སྟོན་མཇུག མི་ཡུལ་གྱི་མཛེས་ཆོས་གཅིག་ཏུ་འདུས་པའི་གནས་མཆོག
         མི་དམངས་དྲ་བའི་འཕྲིན། ཁྱེད་ཀྱིས་སྟོན་རླུང་ཁྲོད་ཀྱི་སྡོང་ལོའི་སིལ་སྒྲ་ཐོས་བྱུང་ངམ། དེ་ནི་སྡོང་ལོ་སེར་པོས་རང་ཉིད་ལ་ཕུལ་བའི་སེམས་གཏིང་གི་འབོད་སྒྲ་རེད་ལ། རེ་བའི་སིལ་གླུ་ཡང་རེད། མ་གཞི་ཚེ་སྲོག་ནི་ཅི་འདྲའི་ཡུན་ཐུང་ཞིག་ཡིན་མོད། སྡོང་ལོ་སེར་པོ་རེ་རེར་རང་སྲོག་བློས་གཏོང་གི་ངར་སེམས་ཤིག་ལྡན་པར་ལགས་ན། རང་ཉིད་ལ་དབང་བའི་སྟོན་ཁའི་དུས་མཇུག་དེར། ཨམ་ཚིག་བསྡམས་ནས་ཆེས་མཚར་སྡུག་གི་མཛེས་དཔལ་དེ་ངོམས་པར་བྱས།
         དོན་དངོས་ཐོག འཇིག་རྟེན་ཁམས་ཀྱི་ལྕང་གླིང་འདིའི་ནང་། ང་ཚོ་ཚང་མ་སྡོང་ལོ་གཅིག་ལས་མ་འདས་ཏེ། ཆེས་ཁ་ཐབས་ཞན་ཤོས་ཀྱི་སྡོང་ལོ་གཅིག་ལས་མ་འདས།
         དེར་བརྟེན། ཆེས་དོན་སྙིང་ལྡན་ཤོས་ཀྱི་འཚོ་བ་ནི་གང་འདོད་ཅི་འདོད་དུ་རོལ་རྒྱུ་དེ་ལགས་ཏེ། དཔྱིད་ཀར་མེ་ཏོག་གི་མཚར་སྡུག་མྱོང་ཞིང་། སྟོན་ཁར་གསེར་མདོག་གི་ཉམས་སྣང་ལ་འདང་། དགའ་སྣང་དང་སྐྱིད་སྣང་གི་བློ་ཞིག་འཁྲུངས་ངེས་ལ། གཡོ་ལྷད་བྲལ་བའི་བྱིས་པ་ལྟར་བྱེད་པར་དེ་བས་འདོད། མི་ཚེ་ཟེར་བ་དེ་འདྲ་ཞིག་མ་ཡིན་ནམ།
    དེས་ན། ད་ཐེངས་ཀྱི་པར་ངོས་ལས་ང་ཚོས་ལྷ་སའི་སྟོན་མཇུག་གི་མཛེས་པ་ཉམས་སུ་མྱོང་ནས། རང་ཉིད་ལ་དབང་བའི་མི་ཚེའི་དུས་མཚམས་འདིར་ཅི་བདེར་རོལ་ཅིག་ཨང་། ༼ བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས། ༽
    【1】  【2】  【3】  【4】  【5】
    ༄༅།།ལྷ་སའི་སྟོན་མཇུག མི་ཡུལ་གྱི་མཛེས་ཆོས་གཅིག་ཏུ་འདུས་པའི་གནས་མཆོག
      

    ཕྱོགས་བསྡུས་གསར་འགྱུར།