འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་ནུབ་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལ“ནུབ་རྒྱུད་དངོས་མང་སྟོན་ཚོགས”
    ཐོག་དགའ་བསུ་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་15ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་བཅུ་དྲུག་པའི་ཐོག་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་འཇང་རིགས་རང་སྐྱོང་ཁུལ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱི་ས་མཐོའི་ཚགས་ཤ་དང་། དབྱར་རྩྭ་དགུན་འབུ། ས་མཐོའི་ལ་ཕུག་སོགས་ཁྱད་ལྡན་ཐོན་རྫས་200ལྷག་ཙམ་གྱིས་ཚོགས་ཞུགས་ཚོང་འགྲུལ་པའི་ཡིད་དབང་འཕྲོག་པ་རེད།
         དཀར་མཛེས་ཁུལ་གྱི་ཞིང་འབྲེལ་ཁེ་ལས་37ཞུགས་ཤིང་། སྣ་མང་ཕུན་སུམ་ཚོགས་པའི“དྭངས་གཙང་དཀར་མཛེས”ཞིང་ལས་ཐོན་རྫས་ཀྱིས་ལྟད་མོ་བ་མང་པོ་ཞིག་གི་ཡིད་དབང་འཕྲོག་པ་དང་། “འདི་ནི་ས་བབ་མཐོ་ཚད་སྨི་4010ཟིན་པའི‘འཛམ་གླིང་གི་གྲོང་ཁྱེར་མཐོ་ཤོས་ཨང་དང་པོར’གྲགས་པའི་ལི་ཐང་རྫོང་གི་ལ་ཕུག་ཡིན”འདེབས་འཛུགས་ཐད་སྐྱེ་ལྡན་གྱི་ཚད་གཞིར་ནན་པོར་གཞིགས་ནས་སྦགས་བཙོག་མ་ཐེབས་པའི་ས་རྒྱུ་གཤིན་པོ་ནས་སྐྱེས་ཤིང་གངས་ཆུ་དྲངས་པ་ཡིན། དེ་གའི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་གཉིས་ཀ་འབྲེལ་ཡོད་གཏན་འབེབས་དང་མཐུན་ཡོད་ཅེས་ལི་ཐང་རྫོང་གནས་མཆོག་ཞིང་གྲོང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པ་རེད།
         རྔ་པ་ཁུལ་གྱི་འགྲེམས་ཁུལ་དུ། འབྲི་ཞོ་དང་། ཁྱུང་མཆུའི་འོ་རྩམ། ཚགས་ཤ་བསིལ་སྐམ་སོགས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལ་ཡང་དགའ་བསུ་ཆེན་པོ་ཐོབ་ནས་ཚོགས་ཞུགས་ཁེ་ལས་ལ་ཚོང་ལས་གོ་སྐབས་མང་པོ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།