འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སན་ཧྲའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ཡུང་ཤིང་གླིང་ཕྲན་དུ་འཚོཌ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་15ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས། ཀྲུང་གོ་གུང་ཁྲན་ཏང་སན་ཧྲ་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ཡུང་ཤིང་གླིང་ཕྲན་དུ་འཚོག་འགོ་ཚུགས་ཤིང་། སན་ཧྲའི་མཚོ་གླེ་ཁག་དང་འཐབ་ཕྱོགས་ཁག་ནས་ཡོང་བའི་ཏང་ཡོན་གྱི་འཐུས་མི་52ཚོགས་འདུར་ཞུགས་ཤིང་། ཚོགས་འདུའི་ཐོག་སན་ཧྲ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞའོ་ཅེས་འགོ་བརྗོད་དུ་《སན་ཧྲའི་འཕེལ་རྒྱས་གསར་པ་གཏོང་མགྱོགས་སུ་བཏང་སྟེ་སན་ཧྲའི་འོད་སྟོང་གསར་པ་སླར་ཡང་གཏོད་》ཅེས་པའི་སྙན་ཞུ་བྱས་པ་རེད།
         སྙན་ཞུའི་ནང་སན་ཧྲ་གྲོང་ཁྱེར་དུ་བསྒྱུར་ནས་ལོ་4ལྷག་ཙམ་སོང་རིང་། ཏང་འཛུགས་སྐྱོང་ལས་དོན་ཁག་གི་གནས་བབ་གལ་ཆེན་དུ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སན་ཧྲའི་མཚོ་ཐོག་དབང་སྲུང་སྟོབས་ཤུགས་སྔར་བྱུང་མྱོང་མེད་པ་ལྟར་གཅིག་ཏུ་འདུས་པ་དང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་སྐྲུན་པ་དང་། སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་ཐུབ་པ། དམག་དམངས་མཉམ་འདྲེས་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ་བཅས་ལས། དམངས་འཚོ་ལེགས་སུ་ཕྱིན་པ་དང་སན་ཧྲའི་ཁྱད་ལྡན་དཔལ་འབྱོར་དངོས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་མཚོན་ཐུབ། ལས་དོན་ཨུ་ལྷན་4དང་། གཞི་རིམ་ཏང་ཨུད་1ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་6ཏང་ཀྲི་པུའུ་79བཅས་སྔ་རྗེས་སུ་བཙུགས་ནས་ཏང་ཡོན་468བར་མང་དུ་ཕྱིན་ཡོད་ཅེས་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།