འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་རྒྱལ་ཡོངས་མི་རིཌ་ས་ཁུལ་གྱི་མ་འཇོག་ཉོ་ཚོང་ངོ་འཕྲད་གྲོས་མོལ་
    ཚོཌ་འདུའི་རིམ་སྤེལ་བྱེད་སྒོ་པེ་ཅིང་དུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་15ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། “སེམས་མཐུན། ཕུགས་འདུན་འགྲུབ་པ•མཛེས་སྡུག་ལྡན་པའི་ཀྲུང་གོར་སྐྱོད་པའི་རྒྱལ་ཡོངས་མི་རིགས་ས་ཁུལ་གྱི་ཕྱོགས་བསྡུས་རོགས་སྐྱོར་འཆར་གཞི”ཞེས་པའི་2016ལོའི་རྒྱལ་ཡོངས་མི་རིགས་ས་ཁུལ་གྱི་མ་འཇོག་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་བྱེད་སྒོ་རིམ་གྲས་པེ་ཅིང་དུ་སྤེལ་བ་རེད། ཤིན་ཅང་དང་། ཀུའེ་ཀྲའོ། བོད་ལྗོངས། ཀོང་ཤིས་སོགས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་དེ་བཞིན་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་རྫོང་ཁག་གཅིག་ནས་ཡིན་པའི་སྲིད་གཞུང་ཁྱོན་39ཞུགས་ཡོད་པ་དང་། ཁེ་ལས་450ཡིས་མི་རིགས་ས་ཁུལ་གྱི་མ་འཇོག་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་རིང་མི་རིགས་ས་ཁུལ་དང་གཅིག་གཏད་གཅིག་དང་ངོ་ཐུག་གདོང་འཕྲད་ཀྱི་གནད་སྨིན་ངོ་འཕྲད་གྲོས་མོལ་བྱས་ནས། ས་གནས་ས་ཐོག་ཏུ་རྣམ་གྲངས་ཀྱི་གན་འཇོག་དངུལ་གྲངས་སྒོར་དུང་ཕྱུར་100ལྷག་ཙམ་ཟིན་ཡོད་པ་རེད།
         འདི་ལོའི་མི་རིགས་ས་ཁུལ་གྱི་མ་འཇོག་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དེ་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་རྩ་འཛུགས་ཀྱིས་ཐེངས་དང་པོ་སྣེ་ཁྲིད་དེ། རྒྱལ་ཁབ་ཕྱི་ནང་གི་སྤྱི་ཚོགས་རིམ་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ནས་ཐུན་མོང་ཐོག་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་པ་རེད། དབུལ་སྐྱོར་ཐོན་ལས་བྱས་པ་བརྒྱུད། ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་རྒྱབ་སྐྱོར། ཏང་ཤོག་གིས་མཛུབ་སྟོན། སྤྱི་ཚོགས་ཀྱིས་ཞུགས་པ། ས་གནས་ཀྱིས་འབད་བརྩོན། ཁེ་ལས་མང་ཞུགས་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་པའི་རྣམ་པ་གསར་པ་དང་བྱ་ཐབས་གསར་པ་ཆགས་པ་དང་། དེའི་དམིགས་ཡུལ་ནི་མི་རིགས་ས་ཁུལ་གྱི་ཚོང་འགུགས་མ་འདྲེན་དང་། རྣམ་གྲངས་སྦྲེལ་མཐུད། ཐོན་རྫས་ཕྱིར་ཚོང་བཅས་བྱས་ནས། མི་རིགས་ས་ཁུལ་དང་དར་རྒྱས་ཆེ་བའི་ས་ཁུལ་དང་། དེ་བཞིན་ཕྱི་རྒྱལ་གྱི་ཁྲོམ་ར་སྤེལ་རེས་འགྲོ་འོང་ཐུབ་རྒྱུར་སྐུལ་འདེད་བཏང་ནས། མི་རིགས་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་བྱེད་པ་དང་། མི་རིགས་ས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་དང་སྤུས་ལེགས་ཐོན་རྫས་འོས་སྦྱོར་བྱེད་པ། ལས་སྟེགས་སྐྲུན་པ་དང་། ཞབས་འདེགས་ཞུ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།