འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན“སླུ་འགོག་ལྟེ་གནས”ཀྱིས་ཁ་བསླུས་དངུལ་སྒོར་ཁྲི་བརྒྱ་སྤྲོད་མཚམས་འཇོག་ཏུ་
    བཅུག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་01ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང“སླུ་འགོག་ལྟེ་གནས”ཀྱི་མི་དམངས་ཉེན་རྟོག་པས་བདེན་མིན་ཞིབ་དཔྱད་དང་། བདའ་འདེད། དངུལ་སྤྲོད་མཚམས་འཇོག་ཏུ་འཇུག་པ་བཅས་བརྒྱུད་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་མང་ར་ཤིན་ཝེའི་ཀུང་སི་ཞིག་ལ་མགོ་སྐོར་ཐེབས་ནས་ཉེས་གསོག་དོགས་ཅན་གྱི་རྩིས་ཐོའི་ནང་དུ་བསྐུར་བའི་དངུལ་སྒོར་974000སྡོམ་གཅོད་བྱས་པ་རེད།
         མཚོ་སྔོན་ཞིང་ཆེན་སྤྱི་བདེའི“སླུ་འགོག་ལྟེ་གནས”ཐིང་གི་མིང་ཆ་ཚང་ལ“མཚོ་སྔོན་ཞིང་ཆེན་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་མཉམ་འགུལ་ཐག་གཅོད་ལྟེ་གནས”ཟེར། གློག་འཕྲིན་དང་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པ་ཉིན་རེ་བཞིན་མང་དུ་འགྲོ་བར་དམིགས་ནས། ཟླ་9ཚེས་20ཉིན་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཏང་ཨུད་ཀྱིས་ཆེད་དོན་ཞིབ་འཇུག་བྱས་ནས་མྱུལ་ཞིབ་སྡེ་ཚན་གྱི་ཕུལ་བྱུང་ན་གཞོན་ཉེན་རྟོག་པ་6སྐོང་འཐེན་བྱས་པའི་ཁར། ཞི་བའི་ལས་འགན་འཁུར་མཁན་8གསར་དུ་བསྡུས་ཐོག་འཕྲིན་གཏོང་གཉེར་སྐྱོང་ཚོང་པས་མི་3དང་དངུལ་ཁང་གིས་མི་4མངག་རྒྱུའི་མཐུན་སྦྱོར་བྱས་ནས“སླུ་འགོག་ལྟེ་གནས”བཙུགས་ཏེ། ལེགས་ཆའི་ཐོན་ཁུངས་གཅིག་བསྡུས་བྱས་ཏེ་གློག་འཕྲིན་དང་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་བཏང་ནས་བཅོས་སྒྲིག་བྱས་པ་རེད།
         “སླུ་འགོག་ལྟེ་གནས”ཀྱིས་སྤྱི་ཚོགས་ཐོན་ཁུངས་སྣ་ཚོགས་དང་སྤྱི་བདེ་ལས་ཁུངས་ཀྱི་ལེགས་ཆའི་ཉེན་ཤུགས་བསྡུ་སྒྲིལ་བྱས་ནས་གློག་འཕྲིན་ཁ་བསླུས་འགོག་པའི་ལས་སྟེགས་ཆེན་པོ་ཞིག་བཏོད་པར། གློག་འཕྲིན་དང་དྲ་རྒྱ་ནས་ཁ་བསླུས་བརྒྱབ་པའི་གྱོད་གཞིའི་ཉེན་དོན་ཐག་གཅོད་དང་། ཁ་བསླུས་མཚམས་འཇོག བརྟག་དཔྱད་དཔང་ལེན། འཛིན་བཟུང་འདྲི་གཅོད། སྐྱེལ་སྤྲོད་ཁྲིམས་སྦྱོར་སོགས་ཀྱི་ཕན་ནུས་མང་པོ་ལྡན་ཡོད། ཟླ་བཅུ་པ་ཚུན་དུ། “འཛིན་བཟུང་བཀའ་རྒྱ”རྫུས་མར་བརྟེན་ནས་ཁ་བསླུས་བརྒྱབ་པའི་གྱོད་གཞི་ཧ་ཅང་མང་པོ་བྱུང་བས། དུས་ཐུང་ཟླ་ཕྱེད་ནང“སླུ་འགོག་ལྟེ་གནས”ཀྱིས་མངགས་གཏོང་ཁང་ལ་བཀག་སྡོམ་བསླབ་བྱའི་བཀའ་བརྡ་བཏང་ནས་གྱོད་གཞི་དེའི་རིགས་37ཐོན་རྒྱུ་བཀག་འགོག་གིས་མང་ཚོགས་ལ་ཁ་བསླུས་རྒྱག་པའི་དངུལ་སྒོར་ཁྲི་བརྒྱ་སྤྲོད་མཚམས་འཇོག་ཏུ་བཅུག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།