འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལྗོངས་ལྔའི་བོད་སྨན་ཚད་གཞི་མཐོར་འདེགས་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་སྐབས་གཉིས་
    པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་27ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཞིང་ལྗོངས་ལྔའི་བོད་སྨན་ཚད་གཞི་མཐོར་འདེགས་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་སྐབས་གཉིས་
པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་25ཉིན་གྱི་སྔ་དྲོར་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཞིང་ལྗོངས་5ཡི་བོད་སྨན་ཚད་གཞི་མཐོར་འདེགས་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་ལྷ་སར་འཚོགས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         གྲོས་ཚོགས་ཐོག་ནས་བསྟན་དོན། བོད་ཀྱི་གསོ་རིག་ནི་བོད་མི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་ཞིང་། དུས་ཡུན་ཧ་ཅང་རིང་བའི་ལོ་རྒྱུས་དང་། གཞུང་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་བ། སྨན་བཅོས་བྱ་ཐབས་ཕུན་སུམ་ཚོགས་པ་བཅས་ཡོད་པ་དང་། དམངས་འཚོ་དང་། ཚན་རྩལ། དཔལ་འབྱོར། རིག་གནས། སྐྱེ་ཁམས་བཅས་ཐོན་ཁུངས་ཆེན་པོ་ལྔ་ཕུང་པོ་གཅིག་ཏུ་བསྡུས་པ་ཡིན་ཞིང་། བདེ་ཐང་ཡོང་བར་འགན་སྲུང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཞིང་ལྗོངས་5ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དར་རྒྱལ་སུ་འགྲོ་བར་ནུས་པ་ཧ་ཅང་གལ་ཆེན་ཐོན་གྱི་ཡོད་པ་རེད། བོད་ལྗོངས་ཀྱིས་དུས་ཡུན་སྔ་མོ་ནས་བཟུང་བོད་ཀྱི་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། སྔ་ཕྱི་བར་གསུམ་དུ་བོད་ཀྱི་གསོ་རིག་ཐོན་ལས་ལ་སྐུལ་སྤེལ་གཏོང་རྒྱུ་དེ་བོད་ཀྱི་གསོ་རིག་རིག་གནས་རྒྱུན་འཛིན་དང་བོད་ཀྱི་གསོ་རིག་གི་ཁྱད་ཆོས་ལྡན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བྱ་ཐབས་གཙོ་བོར་བཟུང་སྟེ་བདེ་ཐང་ཕན་འབྲས་དང་། དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་ལེགས་ཤིང་ཆེ་བ་མངོན་འགྱུར་བརྩི་བརྩོན་ཆེན་པོ་བྱེད་བཞིན་ཡོད་པ་རེད།
         གྲོས་ཚོགས་ཐོག་ནས་ནན་བཤད་བྱས་དོན། “ཚད་གཞི་སྔོན་བཀོད་”བྱས་པ་དེས་ལས་རིགས་སོ་སོ་ཡར་ཐོན་དང་འཕེལ་རྒྱས་འགྲོ་བར་ནུས་པ་གལ་ཆེན་ཐོན་གྱི་ཡོད་ཅིང་། བོད་ཀྱི་གསོ་རིག་གིས་བོད་ཁུལ་དུ་རྐང་པ་བརྟན་པོ་འཛུགས་པ་དང་། རྒྱལ་ཡོངས་ལ་ཕྱོགས་པ། འཛམ་གླིང་དུ་སྐྱོད་པ་བཅས་བྱ་དགོས་ན། ངེས་པར་དུ་ཚད་ལྡན་ཅན་དུ་འཕེལ་རྒྱས་གཏོང་བའི་ཐབས་ལམ་མཐའ་འཁྱོངས་བྱ་དགོས་པ་དང་། མ་ལག་འཐུས་སྒོ་ཚང་བ་དང་ལག་རྩལ་གྱི་རྨང་གཞི་བརྟན་པོ་ཡིན་པའི་ཚད་གཞིའི་མ་ལག་འཛུགས་དགོས། ཞིང་ལྗོངས་5ཡིས་བོད་སྨན་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་དང་དགོས་འདུན་ལ་དམིགས་ནས་བོད་སྨན་ཚད་གཞི་མཐོར་འདེགས་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ལས་སྟེགས་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་དང་། ཐབས་འདོན་ཇུས་འབུལ་དང་སྤེལ་རེས་མཉམ་ལས་ཧུར་ཐག་བྱས་ཏེ་བོད་ཀྱི་གསོ་རིག་བྱ་གཞག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ལ་ཞབས་འདེགས་སྔར་ལས་ལེགས་པར་ཞུ་དགོས།
      

    ཕྱོགས་བསྡུས་གསར་འགྱུར།