འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇི་སྲིད་གཞུང་གིས་ཤིས་སི་ལུའོ་གནམ་ཐང་རྒྱས་སྐྲུན་འཆར་གཞིར་ཆོག་མཆན་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་01ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། དབྱིན་ཇི་སྲིད་གཞུང་གིས་དེ་སྔོན་ཡུན་རིང་འགྱངས་པའི་ལོན་ཏོན་ཤིས་སི་ལུའོ་གནམ་ཐང་རྒྱས་སྐྲུན་འཆར་གཞིར་ཆོག་མཆན་སྤྲད་པ་དང་། གནམ་གྲུའི་རྒྱུག་ལམ་ཨང་གསུམ་པ་བསྐྲུན་རྒྱུའི་ཐག་བཅད་ནས་གནམ་ཐང་གི་སྐྱེལ་འདྲེན་ནུས་པ་ཆེ་རུ་བཏང་སྟེ་དབྱིན་ཇིའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
         དབྱིན་ཇི་སྲིད་གཞུང་གིས་གསལ་བསྒྲགས་སྤེལ་ནས། ཤིས་སི་ལུའོ་གནམ་ཐང་རྒྱས་སྐྲུན་བྱས་པ་དེས་དབྱིན་ཇི་དང་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་འགྲོ་བའི་འཛམ་གླིང་ཁྲོམ་ར་དེ་བས་དམ་ཟབ་ཏུ་འབྲེལ་ནས་དབྱིན་ཇི་དང་འཛམ་གླིང་རྒྱལ་ཁབ་ཁག་དབར་གྱི་ཚོང་དོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ལ། སྔོན་དཔག་ལྟར་ན་མ་འོངས་ལོ་60ཡི་ནང་དབྱིན་ཇིའི་དཔལ་འབྱོར་ལ་དབྱིན་ཇིའི་སྒོར་མོ་དུང་ཕྱུར་610(ཨ་སྒོར་དུང་ཕྱུར་740ལྷག་ཙམ)ཡི་དཔལ་འབྱོར་འཕར་སྣོན་ཡོང་རྒྱུ་ཡིན་པ་མ་ཟད། མ་འོངས་ལོ་14ཡི་ནང་ལས་ཞུགས་ཀྱི་གོ་སྐབས་ཁྲི་7.7གཏོད་རྒྱུ་ཡིན་པ་རེད། རྒྱས་སྐྲུན་ལས་གྲྭའི་ཤུགས་རྐྱེན་ཕོག་པའི་ས་གནས་དེ་གའི་སྡེ་ཁུལ་དམངས་ཚོགས་ལ་དབྱིན་ཇིའི་སྲིད་གཞུང་གིས་བསྡོམས་དབྱིན་ཇི་སྒོར་མོ་དུང་ཕྱུར་26(ཨ་སྒོར་དུང་ཕྱུར་31.5ལྷག་ཙམ)གི་ཁ་གསབ་ཇུས་གཞི་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།