འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་རོང་བྲག་རྫོང་དུ་"ཡུལ་སྲོལ་དུས་ཆེན་"གཏོང་རིང་གདོད་མའི་རྣམ་པའི་
    མཛེས་མ་འདེམ་པའི་འགྲན་བསྡུར་ཆེན་པོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་27ཉིན། 17:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སི་ཁྲོན་ཞིང་ཆེན་རོང་བྲག་རྫོང་དུ་'ཡུལ་སྲོལ་དུས་ཆེན་'གཏོང་རིང་གདོད་མའི་རྣམ་པའི་
མཛེས་མ་འདེམ་པའི་འགྲན་བསྡུར་ཆེན་པོ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་26ཉིན་2016ལོའི་སི་ཁྲོན་ཞིང་ཆེན་རོང་བྲག་རྒྱལ་རོང་བོད་རིགས་གྲོང་སྡེའི་"ཡུལ་སྲོལ་དུས་ཆེན་"དཀར་མཛེས་ཁུལ་རོང་བྲག་རྫོང་བྲག་སྟེང་གྲོང་རྡལ་དུ་འཁྲུག་ཆ་དོད་པོའི་ངང་གཏོང་འགོ་ཚུགས་ཤིང་། ས་གནས་ཀྱི་ཁྱད་ཆོས་རབ་ཏུ་ལྡན་པའི་མཛེས་མ་འདེམ་པའི་འགྲན་བསྡུར་ནི་ཐེངས་འདིའི་“ཡུལ་སྲོལ་དུས་ཆེན་”གྱི་བཀྲག་མདངས་འཚེར་ས་ཆེ་ཤོས་སུ་གྱུར་ཞིང་། བྲག་སྟེང་གྲོང་རྡལ་གྱི་རྒྱལ་རོང་མཛེས་མ་20སྟེགས་བུར་ཐོན་མ་ཐག་ཚོགས་རར་པར་ཆས་འདྲ་མིན་བཟུང་བའི་པར་ལེན་མཁན་དང་གཟིགས་མོ་བ་ཚོའི་ཀི་འདེབས་ངར་སློང་བྱེད་སྒྲས་ཁེངས་ཤིང་མཛེས་མ་འདེམ་པའི་ཚ་རླབས་མཐོན་པོར་འཕྱུར་བ་རེད།
        ཐེངས་འདིའི་"ཡུལ་སྲོལ་དུས་ཆེན་"གཏོང་བའི་དུས་ནི་ཟླ་10ཚེས་26ཉིན་ནས་ཚེས་28ཉིན་བར་ཡིན་པ་དང་། ཟླ་10ཚེས་26ཉིན་དུས་ཆེན་གཏོང་འགོ་ཚུགས་པའི་མཛད་སྒོའི་སྟེང་རོང་བྲག་རྒྱལ་རོང་གི་ཡུལ་སྲོལ་རིག་གནས་མཚོན་བྱེད་དུ་གྱུར་པའི་མཛེས་མ་འདེམ་པའི་འགྲན་བསྡུར་དང་། དམངས་ཁྲོད་ཀྱི་གཞས་གཏམ་དང་རྩལ་རྩེད་《རྟ་ཐོག་གི་སྤྲོ་སྐྱིད་》ཅེས་པ།  སྒོར་བྲོ་འཁྲབ་སྟོན་《སྒོར་བྲོ་ཆེ་ཆུང》ཞེས་པ་སོགས་ཀྱི་འཁྲབ་ཚན་ཀྱིས་ཚོགས་ར་ཡོངས་སྤྲོ་སེམས་ཀྱིས་ཁེངས་པའི་རྒྱ་མཚོ་ལྟ་བུར་གྱུར། བྱེད་སྒོ་སྤེལ་བའི་རིང་ད་དུང་ལྷ་མོ་འཁྲབ་སྟོན་དང་། མདའ་གཞུའི་ཞབས་བྲོ། དམངས་ཁྲོད་ཀྱི་གཞས་གཏམ་དང་རྩལ་རྩེད་སོགས་འཁྲབ་ཚན་15རིམ་པ་བཞིན་འཁྲབ་སྟོན་བྱས་ནས་ཐེངས་འདིའི་ཡུལ་སྲོལ་དུས་ཆེན་ཕུན་སུམ་ཚོགས་སུ་བཏང་བ་རེད། ཟླ་10ཚེས་27ཉིན་དུས་ཆེན་གཏོང་ཡུལ་ཕྱུག་ཟུར་ཤང་དང་ཉ་ག་ཤང་དུ་བསྒྱུར་རྒྱུ་ཡིན་ཞིང་། རྒྱལ་རོང་སྒོར་བྲོ་དང་སེང་གེའི་ཞབས་བྲོ་སོགས་འཁྲབ་ཚན་42ཀྱིས་རོང་བྲག་གི་"ཡུལ་སྲོལ་དུས་ཆེན་"ཚ་ཚ་འུར་འུར་དུ་འགྱུར་བར་བྱེད་ངེས་རེད། ཟླ10ཚེས་28ཉིན་ཐེངས་འདིའི་ཡུལ་སྲོལ་དུས་ཆེན་མཇུག་སྒྲིལ་བའི་མཛད་སྒོ་སྤྲོ་སྣང་ཤང་དུ་འཚོག་རྒྱུ་ཡིན་ཞིང་། སྐབས་དེར་དར་མ་ཆགས་པའི་མཛད་སྒོ་སྤེལ་བ་ནས་འགོ་འཛུགས་པ་དང་། རྒྱལ་རོང་སྒོར་བྲོ་འཁྲབ་སྟོན་གྱིས་མཇུག་བསྒྲིལ་རྒྱུའི་མཛད་སྒོ་འཚོགས་ཏེ་རོང་བྲག་གི་སྟོན་དུས་ལ་མཛེས་སྡུག་ཆེས་ཆེར་ལྡན་པའི་ཡུལ་སྲོལ་གོམས་གཤིས་ཀྱིས་ཁེངས་པར་བྱེད་ངེས་ཡིན་ནོ། ། 
    【1】  【2】  【3】  【4】  【5】  【6】  【7】
     
    【8】  【9】  【10】  【11】  【12】
    ༄༅།།སི་ཁྲོན་ཞིང་ཆེན་རོང་བྲག་རྫོང་དུ་'ཡུལ་སྲོལ་དུས་ཆེན་'གཏོང་རིང་གདོད་མའི་རྣམ་པའི་
མཛེས་མ་འདེམ་པའི་འགྲན་བསྡུར་ཆེན་པོ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།