འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨ་རིས“ཀྲུང་གོའི་སྐྱེད་ཚལ་གླིང”རྣམ་གྲངས་མཉམ་དུ་སྐྲུན་པའི་ལས་
    འགོ་འཛུགས་པའི་མཛད་སྒོ་ཝ་ཧྲིང་ཐོན་དུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་01ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་28ཉིན། ཀྲུང་གོ་དང་ཨ་རིས“ཀྲུང་གོའི་སྐྱེད་ཚལ་གླིང”རྣམ་གྲངས་མཉམ་དུ་སྐྲུན་པའི་ལས་འགོ་ཚུགས་པའི་མཛད་སྒོ་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་རྒྱལ་ཁབ་ལྗོན་ཤིང་སྐྱེད་ཚལ་གླིང་དུ་གཉེར་བ་རེད།
         ཀྲུང་གོ་རྒྱལ་ཁབ་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཀྲང་ཅན་ལུང་གིས་ལས་འགོ་འཛུགས་པའི་མཛད་སྒོའི་ཐོག“ཀྲུང་གོའི་སྐྱེད་ཚལ་གླིང”གིས་ཀྲུང་གོའི་མི་དམངས་དུང་ཕྱུར་13གྱིས་ཨ་རིའི་མི་དམངས་ལ་བཅངས་པའི་མཛའ་གྲོགས་བརྩེ་སེམས་འདུས་ཡོད་པས“ཀྲུང་གོའི་སྐྱེད་ཚལ་གླིང”སྐྲུན་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་འབྲེལ་བདེ་བླག་ངང་སྤེལ་ཐུབ་པ་དེས་ཀྲུང་གོ་དང་ཨ་རིའི་རིག་གནས་སྤེལ་རེས་ལ་སྐུལ་འདེད་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཟབ་གཏོང་། ཀྲུང་གོ་དང་ཨ་རིའི་འབྲེལ་བར་སྐུལ་འདེད་བཅས་ཀྱི་ཆེད་དགེ་མཚན་ལྡན་པའི་ནུས་པ་སྔར་བས་འདོན་སྤེལ་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།
         ཨ་རིའི་ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཝོ་ཐ་ཅིས་ཀྲུང་གོ་མི་དམངས་ཀྱིས“ཀྲུང་གོའི་སྐྱེད་ཚལ་གླིང”དེ་ཕྱག་རྟགས་ཀྱི་ཐོག་ནས་ཨ་རིའི་མི་དམངས་ལ་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་རིའི་ཞིང་ལས་པུས་ཀྲུང་གོ་ཕྱོགས་དང་མཉམ་དུ“ཀྲུང་གོའི་སྐྱེད་ཚལ་གླིང”སྔ་ཙམ་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་ཨ་རིའི་དམངས་ཚོགས་དེ་བས་མང་བས་ཀྲུང་གོའི་སྐྱེད་ཚལ་གླིང་གི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་དང་ཀྲུང་གོའི་རིག་གནས་ཀྱི་ནང་དོན་ཟབ་མོ་མྱོང་ཚོར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         “ཀྲུང་གོའི་སྐྱེད་ཚལ་གླིང”རྣམ་གྲངས་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་གྱི་མཉམ་ལས་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་རེད། 2004ལོའི་ཟླ་10པར་དངོས་སུ་ལག་ལེན་བསྟར་འགོ་ཚུགས་ཚུན་རྣམ་གྲངས་དེར་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོའི་ཚད་མཐོའི་མཐོང་ཆེན་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།