འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་རིམ་གསུམ་ཁྲིམས་ཁང་གིས་ཁྲིམས་རའི་འདྲི་གཅོད་བྱེད་ཚུལ་ཐད་སྟོན་ལ་
    ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་01ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་རིམ་ཁག་ཁྲིམས་ཁང་ལ་ཁྲིམས་རའི་འདྲི་གཅོད་བྱེད་ཚུལ་ཡོངས་བསྒྲགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ནས། ཁྲིམས་ལྟར་ཁྲིམས་ར་ཡོངས་བསྒྲགས་སུ་འཚོགས་ནས་འདྲི་གཅོད་བྱས་པའི་ཉེས་དོན་དང་། དམངས་དོན། སྲིད་འཛིན་བཅས་ཀྱི་གྱོད་དོན་སྣ་ཚོགས“ཡོངས་བསྒྲགས་རྩ་དོན་དུ་བྱེད་པ་དང་ཡོངས་བསྒྲགས་མ་བྱས་པའི་རིགས་དམིགས་བསལ་ཡིན་པའི”བླང་བྱ་གཞིར་བཟུང་། སྨྱན་སྦྱོར་གསར་པར་བརྟེན་ནས་བརྙན་ལམ་བརྒྱུད་དྲ་སྦྲེལ་གྱི་ཁྲིམས་རའི་འདྲི་གཅོད་ཐད་སྟོན་ལས་སྟེགས་ནས་ཁྲིམས་རའི་འདྲི་གཅོད་བྱེད་ཚུལ་ཐད་ཀར་སྟོན་དགོས་པའི་བླང་བྱ་བཏོན་པ་རེད། གཞན་ཡང་སྤྱི་དམངས་ཀྱི་དོ་ཁུར་ཆེ་བ་དང་། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཅུང་ཆེ་བ། ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་དོན་སྙིང་ལྡན་པ་བཅས་ཀྱི་ཁུངས་སྐྱེལ་དག་འབུད་དང་འདུམ་འགྲིག་སོགས་གཏུག་བཤེར་བྱེད་སྒོ་ཡང་དྲ་བའི་ཐོག་ཐད་སྟོན་བྱེད་དགོས་ཀྱི་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཁྲིམས་རའི་འདྲི་གཅོད་བྱེད་ཚུལ་ཡོངས་བསྒྲགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་དམིགས་ཡུལ་ནི་སྒོ་འབྱེད་དང་། སྟབས་བསྟུན། ཁ་གསལ། དམངས་ཕན་ཀུན་གསལ་བཅས་ཀྱི་ཁྲིམས་འཛིན་ལམ་སྲོལ་མུ་མཐུད་བཙུགས་ཏེ་འདྲི་གཅོད་ལག་བསྟར་ལས་དོན་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་ཤེས་རྟོགས་བྱེད་དབང་དང་། ཐེ་ཞུགས་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་འགན་ལེན་དང་དེ་བཞིན་ཁྲིམས་རའི་འདྲི་གཅོད་བྱེད་ཚུལ་ཡོངས་བསྒྲགས་བྱས་པ་ལས་ཁྲིམས་རའི་འདྲི་གཅོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་འཛིན་གཞུང་དྲང་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་རའི་འདྲི་གཅོད་བྱེད་ཚུལ་ཡོངས་བསྒྲགས་བྱས་ཏེ་ཁྲིམས་རའི་འདྲི་གཅོད་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་ཁྲིམས་རའི་འདྲི་གཅོད་སྟངས་འཛིན་བྱེད་པའི་ཁྲིམས་དཔོན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྲིམས་རའི་འདྲི་གཅོད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཁྲིམས་འཛིན་ལ་སྤྱི་མོས་ཐོབ་ཤུགས་མཐོ་རུ་གཏོང་བ། དེ་བཞིན་ཁྲིམས་རའི་འདྲི་གཅོད་བྱེད་ཚུལ་ཡོངས་བསྒྲགས་བྱས་ཏེ་ཁྲིམས་རའི་འདྲི་གཅོད་གོ་རིམ་ཚད་ལྡན་དུ་བཏང་ནས་ཁྲིམས་རའི་འདྲི་གཅོད་བྱེད་སྒོ་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་པ་བཅས་ཀྱི་ཆེད་དུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འབྲེལ་ཡོད་ཀྱི་བཀོད་སྒྲིག་བླང་བྱ་ལྟར། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་དྲ་སྦྲེལ་ནས་ཁྲིམས་རའི་འདྲི་གཅོད་བྱེད་ཚུལ་ཐད་སྟོན་ཐོག་མར་བྱ་རྒྱུ་ཡིན་ཞིང་། ཟླ་11ཚེས་1ཉིན་གྱི་གོང་དུ་ཉེས་དོན་འདྲི་གཅོད་ཀྱི་ཁྲིམས་ར་དང་པོ་དང་། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། སྲིད་འཛིན་འདྲི་གཅོད་ཁྲིམས་ར་བཅས་ཀྱིས་དྲ་སྦྲེལ་ནས་ཁྲིམས་ར་ཡོངས་བསྒྲགས་འཚོགས་ནས་འདྲི་གཅོད་བྱས་པའི་གྱོད་དཔེ་གཅིག་ནས་གཉིས་བར་ཐད་སྟོན་བྱ་རྒྱུ་ཡིན་པ་རེད། 2016ལོའི་ཟླ་11ཚེས་1ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གི་ལས་སྒོའི་ཁྲིམས་ར་ཚང་མས་ཁྲིམས་ར་ཡོངས་བསྒྲགས་འཚོགས་ནས་འདྲི་གཅོད་བྱས་པའི་གྱོད་གཞི་ཚང་མ་དྲ་སྦྲེལ་ནས་ཐད་སྟོན་བྱ་རྒྱུ་དང་ཞིང་ཆེན་ཡོངས་ཀྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཁག་དང་གཞི་རིམ་མི་དམངས་ཁྲིམས་ཁང་ཁག་གིས་ཁྲིམས་རའི་འདྲི་གཅོད་ཀྱི་ཐད་སྟོན་སྒྲིག་ཆས་ཁག་སྒྲིག་སྦྱོར་བྱས་རྗེས་གོམ་སྟབས་གཅིག་མཚུངས་སུ་དྲ་སྦྲེལ་ནས་ཁྲིམས་རའི་འདྲི་གཅོད་བྱེད་ཚུལ་ཐད་སྟོན་བྱ་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།