འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་ཨིར་ལན་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་27ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་ཨིར་ལན་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་24ཉིན་ནས་ཚེས་25ཉིན་གྱི་བར་ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་ཨིར་ལན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ཚོང་དོན་པུའུ་དང་། མཐོ་རིམ་སློབ་གྲྭ རིག་མཛོད་བཅས་ལ་འཚམས་འདྲི་བྱས་ཤིང་། བོད་ཀྱི་རིག་གནས་རྒྱུན་འཛིན་དང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་བརྗོད་བྱའི་སྐོར་ས་གནས་དེ་གའི་དཔོན་རིགས་དང་། མཐོ་རིམ་སློབ་གྲྭའི་དགེ་སློབ། རིག་མཛོད་ཀྱི་རིགས་གཅིག་མཁས་པ་དང་མཁས་དབང་སོགས་དང་ཕན་ཚུན་སྤེལ་རེས་བྱས་པ་རེད།
         ཨིར་ལན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ཚོང་དོན་པུའུ་ལ་འཚམས་འདྲི་བྱེད་སྐབས་སྤེལ་རེས་ཚོགས་པའི་ཚོགས་གཙོ་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲང་ཡུན་གྱིས་ཚོང་དོན་པུའུ་དེའི་དཔོན་རིགས་དང་བཞུགས་མོལ་བྱས་ཤིང་། ཀྲང་ཡུན་གྱིས་དྲིས་ལན་འདེབས་པའི་སྒོ་ནས་ཀྲུང་གོའི་གྲངས་ཉུང་མི་རིགས་སྐོར་གྱི་སྲིད་ཇུས་དང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱ་ཐབས་སོགས་མཚམས་སྦྱོར་བྱས་པ་རེད། ཨིར་ལན་གྱི་ཕྱི་འབྲེལ་ཚོང་དོན་པུའུ་ཡི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་སིའི་འགོ་འཛིན་གཞོན་པ་ཡུའེ་ཧན་•མོ་ཧྥེ་ཡིས་ནུབ་ཕྱོགས་སྤྱི་ཚོགས་ཀྱིས་བོད་ལྗོངས་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཧ་ཅང་ཉུང་བས་ངོས་འཛིན་བྱེད་པའི་ཐད་ལ་ཡང་ཐལ་སྐྱོན་ཡོད་སྲིད་ཅེས་བསྟན་པ་དང་། ཁོང་གིས་ཀྲུང་གོའི་མཁས་དབང་གི་ལྟ་བར་བློ་སྐྱེད་རང་བཞིན་ཧ་ཅང་ཆེན་པོ་ལྡན་པ་རེད། དེ་ནི་ཨིར་ལན་རྒྱལ་ཁབ་ཀྱི་མདུན་དུའང་སྲོལ་རྒྱུན་སྲུང་སྐྱོང་དང་དེང་རབས་ཅན་འཕེལ་རྒྱས་གཏོང་བའི་བར་གྱི་འབྲེལ་བ་ཐག་གཅོད་ཇི་ལྟར་བྱ་རྒྱུའི་གནད་དོན་ལྷགས་ཡོད་པའི་རྐྱེན་གྱིས་རེད་ཅེས་བཤད་པ་རེད།
         འཚམས་འདྲི་བྱེད་རིང་དུ་ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་ད་རུང་ཨིར་ལན་རྒྱལ་ཁབ་ཀྱི་རིག་མཛོད་གྲགས་ཅན་རྒྱལ་སྤྱི་དང་ཡོ་རོབ་གླིང་ལས་དོན་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་པ་དང་མཁས་དབང་ཚོ་དང་བཞུགས་མོལ་བྱས་ཤིང་། རྒྱལ་སྤྱི་དང་ཡོ་རོབ་གླིང་ལས་དོན་ཞིབ་འཇུག་ཁང་གི་ཀྲུའུ་ཞི་པུའུ་ལོན་ཏན་•ཧ་ལི་ཀེང་གིས་ཀྲུང་གོས་བོད་ཀྱི་རིག་གནས་དང་བོད་བརྒྱུད་ནང་བསྟན་ལ་ལག་བསྟར་བྱེད་པའི་སྲུང་སྐྱོང་སྲིད་ཇུས་ལ་ཚད་མཐོའི་གདེང་འཇོག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།