འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཡིད་འཕྲོག་པའི་ཁ་བ་དཀར་པོ།  

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་27ཉིན། 17:05】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཡིད་འཕྲོག་པའི་ཁ་བ་དཀར་པོ།
         མི་དམངས་དྲ་བའི་འཕྲིན། ཁ་བ་དཀར་པོ་ནི་ཡུན་ནན་དང་བོད་ལྗོངས་འབྲེལ་མཚམས་ཀྱི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གི་ཁོངས་སུ་གནས་ཤིང་། དེ་ནི་འཛམ་གླིང་རང་བྱུང་ཤུལ་བཞག་“གཙང་གསུམ་མཉམ་རྒྱུག་”གི་རང་བྱུང་མཛེས་ལྗོངས་གཙོ་བོའི་གྲས་ཤིག་རེད། རི་བོ་གཙོ་བོ་ཁ་བ་དཀར་པོ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6740ཡོད་པ་དང་། གངས་རིའི་རྩེ་མོ་དགུང་ལ་ཟུག་པ་དང་དྭངས་གཙང་ཆུ་བོ་གྲོག་རོང་དུ་འབབ་ཅིང་།  གནའ་ནས་“གངས་ལྷ་”ཞེས་འབོད་སྲོལ་ཡོད་པ་རེད། 
         ཁ་བ་དཀར་པོའི་ཡིད་དབང་འཕྲོག་ས་ནི་ངོ་མཚར་དཔོག་དཀའ་བ་སྟེ། རང་བྱུང་ཁམས་ཆེན་མོས་གནང་བའི་མཛེས་ཤིང་རྔམ་བརྗིད་ལྡན་ལ་གདོད་མའི་ཡངས་ཤིང་རྒྱ་ཆེ་བ་དང་བརྗིད་ཆགས་ཡིད་འོང་སྣང་བས་། འཇིག་རྟེན་པའི་ལུས་སེམས་གཡོ་བ་བྱེད་བཞིན་ཡོད། ཁ་བ་དཀར་པོར་ལོ་ལྟར་སྨུག་སྤྲིན་འཐིབས་པས། ལྐོག་གྱུར་དཔག་དཀའ་ཞིང་འཕོ་འགྱུར་ཚོད་མི་ཐིག་པ་མ་ཟད། ཉི་འོད་ནི་གནམ་ངོ་དྭངས་པའི་ཉིན་མོ་ལ་ལའི་ཞོགས་པར་ཁ་བ་དཀར་པོའི་རི་རྩེར་འཕྲོ་སྟེ་མཛེས་སྡུག་ཤིན་ཏུ་ཆེ་བའི་"ཉི་འོད་གསེར་གྱི་རི་བོར་འཕྲོ་བའི་"མཛེས་ལྗོངས་གྲུབ། སྐབས་རེར་ཟླ་བ་ནུབ་མེད་ཀྱང་ཉི་མ་ཤར་བས། ས་གནས་དེ་གར་མཐོང་བ་དཀོན་པའི་"ཉི་ཟླའི་འོད་ཟེར་མཉམ་དུ་འཕྲོ་བའི་"མཛེས་ལྗོངས་འགྲུབ་ཀྱི་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།ཡིད་འཕྲོག་པའི་ཁ་བ་དཀར་པོ།
      

    ཕྱོགས་བསྡུས་གསར་འགྱུར།