འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་བྱིས་པ་ལོང་བའི་སློབ་གྲྭར་སྒྲ་ལྡན་ཀློག་དེབ་ཁག་ཅིག་སྤྲད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་31ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཀྱི་བྱིས་པ་ལོང་བའི་སློབ་གྲྭར་སྒྲ་ལྡན་ཀློག་དེབ་ཁག་ཅིག་སྤྲད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་27ཉིན་མི་དམངས་དྲ་བ་དང་ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱིས་མཉམ་འབྲེལ་བྱས་ཏེ་ཕབ་སྐྲུན་བྱས་པའི་《བོད་སྐྱོར། ཚན་རྩལ་གྱིས་བོད་ལྗོངས་བསྒྱུར་བ་》ཞེས་པའི་དངོས་བཤུས་གློག་བརྙན་ཐུང་ངུ་ཕབ་སྐྲུན་ཚོགས་ཆུང་གིས་བོད་ལྗོངས་ཀྱི་བྱིས་པ་ལོང་བའི་སློབ་གྲྭར་སྒྲ་ལྡན་ཀློག་དེབ་ཁག་ཅིག་སྤྲད་པ་རེད།
         བོད་ལྗོངས་ཀྱི་བྱིས་པ་ལོང་བའི་སློབ་གྲྭའི་འགན་ཁུར་པ་རྒྱལ་མཚན་གྱིས་"སྒྲ་ལྡན་ཀློག་དེབ་འདི་དག་གིས་བྱིས་པ་ཚོའི་སློབ་སྦྱོང་ལ་རོགས་རམ་ཧ་ཅང་ཆེན་པོ་གནང་བ་སྟེ། དཔེ་ཀློག་གི་འདེམས་གསེས་བྱས་རིགས་མང་དུ་བཏང་བ་མ་ཟད། ཤེས་རྒྱ་ཡང་ཆེ་རུ་བཏང་བས་བྱིས་པ་ཚོར་ཕན་པ་ཧ་ཅང་ཆེན་པོ་ཡོད་པ་རེད། " བྱིས་པ་ལོང་བ་སྔར་ལས་མང་བའི་འཚོ་བའི་ལམ་འགྲོ་ལེགས་སུ་སྒྱུར་རོགས་བྱས་ནས་ཁོང་ཚོར་སྒེའུ་ཁུང་གསར་པ་ཞིག་ཕྱེ་ནས་ཁོང་ཚོ་སྤྱི་ཚོགས་ལ་ཕན་འདོགས་པའི་མི་ཞིག་འགྱུར་བའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
         བོད་ལྗོངས་ཀྱི་བྱིས་པ་ལོང་བའི་སློབ་གྲྭ་ནི་འཇར་མན་པ་སཱ་པུའུ་རུའེ་ཡ་དང་ཁོང་གི་ཁྱོ་ག་པའོ་ལུའོ་ཡིས་1997ལོར་གསར་དུ་བཙུགས་པ་ཞིག་ཡིན་ཞིང་། འདི་རུ་གཙོ་བོར་བོད་ལྗོངས་ས་ཁུལ་ཁག་ནས་ཡོང་བའི་བྱིས་པ་ལོང་བ་ཚོ་འཛོམས་ཡོད། ཁོང་ཚོས་འདིར་སྐད་བརྡ་དང་ལག་རྩལ་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང། སློབ་ཡུན་ལོ་གསུམ་ཡིན་ཞིང་། སློབ་གྲྭ་འདི་ནས་ཐོན་རྗེས་སློབ་གྲྭ་དཀྱུས་མར་ཞུགས་ནས་མུ་མཐུད་དུ་སློབ་སྦྱོང་བྱེད་པའམ་སྤྱི་ཚོགས་སུ་སྐྱོད་ཀྱི་ཡོད་པ་རེད། 
         རྒྱལ་མཚན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་གྲྭ་དེས་རྨང་གཞིའི་སློབ་གསོ་གཙོ་བོར་བཟུང་ནས་དབྱིན་ཡིག་དང་། བོད་ཡིག རྒྱ་ཡིག རྩིས་འཁོར། མཛེས་རྩལ། རོལ་དབྱངས་སོགས་ཀྱི་སློབ་ཚན་འཁྲིད་ཀྱི་ཡོད་པ་རེད། བྱིས་པ་ཚོས་འདིར་གཞི་རྩའི་འཚོ་བའི་ལག་རྩལ་གསོ་སྐྱོང་སྦྱོང་བརྡར་དང་ལེན་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་རང་སོ་སོའི་མོས་འདུན་བཞིན་འཕུར་མཉེད་དང་། ལག་ཤེས་བསླས་འཐག ཕྱུར་བ་བཟོ་བ། ཀློག་ཀླད་སོགས་ཀྱི་ལས་སྒོའི་ལག་རྩལ་སློབ་སྦྱོང་ཡང་བྱས་ཆོག སློབ་གྲྭའི་མ་དངུལ་ནི་གཙོ་བོ་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཚོས་ཞལ་འདེགས་ཕུལ་བ་རེད། 
    ༄༅།།བོད་ལྗོངས་ཀྱི་བྱིས་པ་ལོང་བའི་སློབ་གྲྭར་སྒྲ་ལྡན་ཀློག་དེབ་ཁག་ཅིག་སྤྲད་པ།
      

    ཕྱོགས་བསྡུས་གསར་འགྱུར།