འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།དགུན་དཔྱིད་བརྗེ་མཚམས་སུ་བོད་ལྗོངས་མཁའ་འགྲུལ་གྱིས་མཁའ་ལམ་གསར་པ་ཁག་7གཏོད་
    རྩིས་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་01ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱི་དགུན་དཔྱིད་བརྗེ་མཚམས་ཀྱི་དུས་གཏན་གནམ་གྲུ་འཕུར་བའི་དུས་ཚོད་ཚེས་30ཉིན་དངོས་སུ་བསྒྱུར་རྒྱུ་རེད། དགུན་དཔྱིད་བརྗེ་མཚམས་ཀྱི་འགྲུལ་པ་འགྲོ་སྐྱོད་ཀྱི་དགོས་མཁོ་སྔར་བས་སྐོང་ཆེད་བོད་ལྗོངས་མཁའ་འགྲུལ་གྱིས་ལྷ་ས་ནས་ཟི་ལིང་དང་ཆིང་ཏའོ་བར་དང་། ལྷ་ས་ནས་ལན་གྲུ་དང་ཆིང་ཏའོ་བར། ཁྲེང་ཏུའུ་ནས་ཅི་ནན་བར། ཁུན་མིང་ནས་ཐེན་ཅིང་བར། ཁྲུང་ཆིང་ནས་ཁྲང་ཧྲ་བར། ཀུའེ་དབྱང་ནས་ལན་གྲུ་བར། ཉིང་ཁྲི་ནས་ཁྲུང་ཆིང་དང་ཧྲེན་ཀྲེན་བར་བཅས་ཀྱི་མཁའ་ལམ་གསར་པ་ཁག་7གཏོད་རྩིས་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ནམ་དུས་བརྗེ་བའི་མཚམས་སུ་མཁའ་ལམ་གསར་པ་ཁག་7གཏོད་རྒྱུ་ཕུད། དུས་གཏན་གནམ་གྲུའི་ཐེངས་གྲངས་དང་དུས་ཚོད་ཐད་ལའང་ལེགས་སྒྲིག་མང་པོ་བྱས་ཏེ་འགྲུལ་པ་འགྲོ་སྐྱོད་ཀྱི་དགོས་མཁོ་བསྐང་རྒྱུ་རེད། དཔེར་ན་ལོ་ལྟར་དགུན་དུས་ཁྲེང་ཏུའུ་ནས་སན་ཡ་བར་གྱི་དུས་གཏན་གནམ་གྲུས་རྒྱུན་དུ་དགོས་མཁོ་སྐོང་མི་ཐུབ་པའི་གནས་ཚུལ་ཐོན་པར་བརྟེན། བོད་ལྗོངས་མཁའ་འགྲུལ་གྱིས་ད་ལྟ་ཉིན་རེར་དུས་གཏན་གནམ་གྲུ་ཐེངས་རེ་འཕུར་བ་ནས་ཐེངས་གཉིས་བར་མང་དུ་གཏོང་རྒྱུ་དང་། ཁྲེང་ཏུའུ་ནས་ཧྲང་ཧའེ་བར་ཐད་ཀར་འཕུར་བའི་ལམ་ཐིག་གི་འཕྲུལ་དབྱིབས་ཀྱང་A330ཞེང་ཆེའི་འགྲུལ་སྐྱེལ་གནམ་གྲུར་ལེགས་སྒྲིག་བྱས་ནས་འགྲུལ་པ་གནམ་གྲུར་སྡོད་སྐབས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། ལྷ་ས་ནས་ཧྲེན་ཀྲེན་བར་གྱི་དུས་གཏན་གནམ་གྲུ་སྔོན་མའི་བརྒྱུད་བཞུགས་དུས་གཏན་གནམ་གྲུ་ནས་ཐད་ཀར་འཕུར་བའི་དུས་གཏན་གནམ་གྲུར་ལེགས་སྒྲིག་བྱས་ཏེ་ཆུ་ཚོད་3ལྷག་ཙམ་ནང་དམིགས་སར་འབྱོར་རྒྱུ། ཉིང་ཁྲི་ནས་ཁྲེང་ཏུའུ་དང་ཧྲེན་ཀྲེན་བར་འཕུར་བའི་གནམ་གྲུའང་ཉིང་ཁྲི་ནས་ཁྲུང་ཆིང་དང་ཧྲེན་ཀྲེན་བར་འཕུར་རྒྱུར་ལེགས་སྒྲིག་བྱས་ཏེ་འགྲུལ་པ་འགྲོ་སྐྱོད་ཀྱི་གོམས་གཤིས་དང་མཐུན་པ་བྱ་རྒྱུ་བཅས་རེད།
         མིག་སྔར་བོད་ཀྱི་ཡུལ་སྐོར་བལྟོས་བཅས་འགྲུལ་པ་ཉུང་བའི་ནམ་དུས་སུ་སླེབས་པས། ཕོ་བྲང་པོ་ཏ་ལར་ཡུལ་སྐོར་བའི་ཚད་གཞི་དང་ལྟ་སྐོར་གྱི་དུས་ཚོད་ལ་ཚད་བཀག་མེད་པ་དང་། མེ་འཁོར་གྱི་སྤ་སེའང་ཉོ་སླ་བར་འགྱུར་བ། གནམ་གྲུའི་སྤ་སེར་ཡང་རིན་གོང་གཅོག་པ། རླངས་འཁོར་དང་། ཨར་ཁང་། མཛེས་ལྗོངས་ས་ཚིགས་བཅས་ལའང་དེ་མཚུངས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་བ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།