འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཁའ་རླུང་གྲང་མོའི་ཤུགས་རྐྱེན་འོག་རང་རྒྱལ་བྱང་ཕྱོགས་ཀྱི་ས་ཆ་མང་པོར་དྲོད་ཚད་
    ཆག་པ་དང་གངས་བབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་01ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཁའ་རླུང་གྲང་མོའི་ཤུགས་རྐྱེན་འོག རང་རྒྱལ་བྱང་ཕྱོགས་ཀྱི་ས་ཆ་མང་པོར་དྲོད་ཚད་ཆག་པ་དང་གངས་འབབ་པའི་གནམ་གཤིས་བསྟན་ཡོད། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་རྩིས་བྱས་པར། ཟླ་10ཚེས་30ཉིན་ནས་ཟླ་11ཚེས་1ཉིན་བར་ནང་སོག་གི་དབུས་རྒྱུད་དང་། ཧྭ་པེའི་བྱང་རྒྱུད། བྱང་ཤར་ས་ཁུལ་གྱི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་གི་དྲོད་ཚད་ཧྲི་ཧྲེ་ཏུའུ་8ཡན་བར་ཆག་ནས་ཅི་ལིན་ཤར་རྒྱུད་ཀྱི་ས་ཆ་ཆ་ཤས་སུ་གངས་ཆེན་པོ་འབབ་རྒྱུ་རེད། ཅི་ལིན་ཞིང་ཆེན་གནམ་གཤིས་ལས་ཁུངས་ཀྱིས་ཚེས་30ཉིན་གཞུང་ལམ་ལ་འཁྱག་པ་ཐེབས་པའི་སྔོན་བརྡ་སེར་པོ་བཏང་ནས་དོགས་ཟོན་ལས་དོན་ཡག་པོ་བསྒྲུབས་ཏེ་ཁ་ལོ་བ་དང་ཕར་འགྲོ་ཚུར་འོང་བྱེད་མཁན་ཚོར་འགྲིམ་འགྲུལ་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་བྱས་ཤིང་། འདི་ནི་ཟླ་10ཚེས་30ཉིན་ཁྲང་ཁྲུན་གྱི་གྲོང་མི་ཞིག་གིས་རླངས་འཁོར་ཐོག་གི་གངས་གསོག་ཕྱག་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།