འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་གླེང་སྟེགས་ཁྲེང་ཏུའུ་རུ་འཚོགས་པ།

    ཐུན་མོང་ཐོག་དར་གོས་ལམ་བུ་གསར་པའི་རྣམ་པ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་25ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན“ཐུན་མོང་ཐོག་དར་གོས་ལམ་བུ་གསར་པའི་རྣམ་པ་བཏོད་ནས་སྣ་མང་མཉམ་ལས་ལས་སྟེགས་སྐྲུན”ཞེས་བརྗོད་དོན་གཙོ་བོར་བྱེད་པའི་སྐབས་བཞི་པའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་གླེང་སྟེགས་ཁྲེང་ཏུའུ་རུ་འཚོགས་པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་ཡི་འཐུས་མིས་ཕྱོགས་གཉིས་པོའི་འབྲེལ་བ་དང་དེ་བཞིན་དངོས་གཉེར་མཉམ་ལས་སོགས་ཀྱི་གྲོས་འགོར་དམིགས་པས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད་པ་རེད།
         སྐབས་འདིའི་གླེང་སྟེགས་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྱིམ་མཚེས་རྒྱལ་ཁབ་མཛའ་གྲོགས་མཉམ་ལས་ཨུ་ལྷན་གྱིས་སྒྲུབ་འགན་འཁུར་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་ཕེ་ཧྭ་དང་། ཁེར་གྷི་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་ཨ་པུའུར་ཅ་ཅི་ཡེ་ཕུའུ། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ལི་གཞོན་པ་ལུའོ་ཙུའུ་ཁུའུ་ལུའོ་ཕུའུ་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་ཕྱི་འབྲེལ་པུའུ་དང་། ས་གནས་སྲིད་གཞུང་། བཟོ་ཚོང་ཚོགས་པ། ཁེ་ལས་ལས་རིགས། ཇུས་འདོན་ཚོགས་པ། སྨྱན་སྦྱོར་གྱི་འཐུས་མི། དེ་བཞིན་ཀྲུང་གོར་བཅའ་སྡོད་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་གཞུང་ཚབ་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཐུས་མི་སོགས་མི་200ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔས་ད་ཐེངས་ཀྱི་གླེང་སྟེགས་གོ་སྐབས་སུ་བྱས་ཏེ་ཕྱོགས་ཁག་གི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ཐད་གྲོས་བསྡུར་གཏིང་ཟབ་བྱས་ནས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་། མཉམ་ལས་ཀྱི་རྣམ་པ་གསར་གཏོད། གཙོ་གནད་མང་བ་དང་། ཕྱོགས་མང་། ཁྱབ་ཁོངས་ལས་བརྒལ་བ་བཅས་ཀྱི་གཉིས་ཕན་མཉམ་ལས་ཀྱི་ལས་སྟེགས་གསར་པ་སྐྲུན་པ། དངོས་གཉེར་མཉམ་ལས་ལ་དོན་དངོས་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུའི་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”སྐྲུན་རྒྱུ་དེ་ཆུ་ཚད་དེ་བས་མཐོ་བ་དང་བར་མཐོངས་དེ་བས་རྒྱ་ཆེ་བར་གོམ་ཆེན་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།