འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཕན་ཅི་ཝུན་གྱིས་སེབ་རུ་སིའི་མི་རིགས་གཉིས་ཀྱི་འགོ་ཁྲིད་པར་གཅིག་གྱུར་ཡོང་བའི་གྲོས་
    མོལ་མགྱོགས་ཙམ་བྱེད་དགོས་པའི་ལྕག་སྐུལ་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་25ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་23ཉིན། གོང་ཚེས་ཉིན་སེབ་རུ་སིའི་སྲིད་གཞུང་གི་མགྲིན་ཚབ་པ་ཉི་ཁོ་སི་·ཧེ་ལི་སི་ཐོ་ཙུའུ་ལི་ཅི་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་སེབ་རུ་སིའི་ཙུང་ཐུང་ཨ་ན་སི་ཐ་ཞ་ཅི་སིར་གློག་འཕྲིན་བསྲིངས་ནས་སེབ་རུ་སི་གཅིག་གྱུར་ཡོང་བའི་གྲོས་མོལ་བརྒྱུད་རིམ་ལ་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཀེ་རི་སེ་དང་ཐུར་ཁེ་མི་རིགས་གཉིས་པོའི་གཅིག་གྱུར་གྱི་གྲོས་མོལ་སྔ་ཙམ་ཡོང་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བརྗོད།
         ཧེ་ལི་སི་ཐོ་ཙུའུ་ལི་ཅི་སིས་ཕན་ཅི་ཝུན་གྱིས་ཚེས་22ཉིན་གྱི་དགོང་མོ་ཙུང་ཐུང་ཨ་ན་སི་ཐ་ཞ་ཅི་སིར་བསྲིངས་པའི་གློག་འཕྲིན་ནང་། ཁོང་གིས་ག་དུས་ཡིན་ནའང་གྲོས་མོལ་གྱི་འཕེལ་རིམ་ལ་བར་འདུམ་བྱ་རྒྱུའི་གྲ་སྒྲིག་ཨང་བསར་བྱེད་བཞིན་ཡོད་ཅེས་གསུངས་པ་དང་། ཨ་ན་སི་ཐ་ཞ་ཅི་སིས་ཕན་ཅི་ཝུན་ལ་བཏང་བའི་ཁ་པར་ནང་སེབ་རུ་སིའི་གནད་དོན་ནང་ཞུགས་མཁན་ཕྱོགས་ཚང་མས་ངེས་པར་དུ་ཞིབ་ཕྲའི་བྱ་སྤྱོད་འཆར་གཞི་བཏོན་ནས་མཐར་གྲོས་མོལ་ཡོང་བར་དགོས་ངེས་ཀྱི་མཐུན་རྐྱེན་སྐྲུན་དགོས་ཞེས་བཤད་ཡོད་ཅེས་གསལ་བསྒྲགས་སྤེལ་བ་རེད།
         གཞན་ཡང་། ཚེས་23ཉིན་ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། སེབ་རུ་སིའི་ཙུང་ཐུང་ཀེ་རེ་སི་མི་རིགས་ཀྱི་འགོ་ཁྲིད་པ་ཨ་ན་སི་ཐ་ཞ་ཅི་སིར་གློག་འཕྲིན་བསྲིངས་པ་ཕུད། ཕན་ཅི་ཝུན་གྱིས་སེབ་རུ་སིའི་ཐུར་ཁེ་མི་རིགས་ཀྱི་འགོ་ཁྲིད་པ་མུའུ་སི་ཐེ་ཧྥ་·ཨ་ཁེན་ཀྲེར་ཡང་གློག་འཕྲིན་བསྲིངས་ཡོད། ཕན་ཅི་ཝུན་གྱིས་ཨ་ཁེན་ཀྲེར་ཁ་པར་ནང་། འདི་ལོའི་ལོ་མཇུག་གོང་སེབ་རུ་སི་གཅིག་གྱུར་ཡོང་བའི་གྲོས་མཐུན་འཇོག་རྒྱུ་ནི་ཕྱོགས་ཁག་གིས་མུ་མཐུད་འབད་པ་བྱེད་པའི་དམིགས་ཚད་ཡིན་ཞེས་ནན་བཤད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།