འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ངོ་མཚར་ཆེ་བའི་གཙང་གསུམ་ཆུ་འགོའི་རྒྱུད་ཀྱི་མཛེས་ལྗོངས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་24ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ངོ་མཚར་ཆེ་བའི་གཙང་གསུམ་ཆུ་འགོའི་རྒྱུད་ཀྱི་མཛེས་ལྗོངས།
         མི་དམངས་དྲ་བའི་འཕྲིན། གཙང་གསུམ་ཆུ་འགོའི་རྒྱུད་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་12.31ཡོད་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡོད་ལ། གཙང་གསུམ་སྨད་རྒྱུད་ནི་རང་རྒྱལ་གྱི་ཞིང་ཆེན་ཁག་གི་ཕྱེད་ཀ་ཙམ་ལ་བརྒྱུད་ཡོད་པས་མི་གྲངས་དུང་ཕྱུར་དུ་མར་ཕན་པ་གནང་བཞིན་ཡོད་པ་རེད། ད་ལོའི་ཟླ་བ་4པར་གཙང་གསུམ་ཆུ་འགོའི་རྒྱུད་དུ་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཐོག་མ་ཚོད་ལྟ་བྱས་ནས་བཙུགས་ཤིང་། དེས་སྐྱེ་ཁམས་ཀྱི་གོ་གནས་གལ་ཆེའི་རང་བཞིན་ལྡན་པ་དང་“མཐོ་སྒང་གི་རི་སྐྱེས་དངོས་རིགས་ཀྱི་གཞི་རྒྱུའི་མཛོད་”ཀྱི་ཁྱད་ཆོས་ལྡན་པའི་ཐོག་ནས་རྒྱལ་ཁབ་ཕྱི་ནང་གི་མི་རྣམས་ཀྱི་མིག་དབང་འཕྲོག་བཞིན་ཡོད་པ་རེད།  
         གཙང་གསུམ་ཆུ་འགོའི་རྒྱུད་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་གསུམ་གྱི་འབྱུང་གནས་ཡིན་ཞིང་། གཙང་གསུམ་གྱི་ལྟེ་གནས་ས་ཁུལ་ཡིན་པའི་རྒྱལ་ཁབ་སྤྱི་གླིང་དེ་ཉིད་ཡང་སྙིང་ཇི་ལྟར་ཞིག་རེད་ཅེ་ན། ས་རྒྱ་ཆེ་བ་དང་། ས་བབ་མཐོ་ཞིང་གྲང་ངར་ཆེ་ལ་གསོ་རླུང་དཀོན་པ། གནམ་གཤིས་སྡུག་ཆགས་ཡིན་པ་སོགས་ཀྱི་རྐྱེན་གྱིས་མི་དཀྱུས་མ་རྣམས་གཙང་གསུམ་ཆུ་འགོའི་རྒྱུད་དུ་དངོས་སུ་ཕེབས་ཏེ་དེའི་རྣམ་པ་ཧྲིལ་པོར་བལྟ་རྒྱུ་ནི་ལས་སླ་མོ་ཞིག་མ་རེད། ཉེ་ཆར་གཙང་གསུམ་ཆུ་འགོའི་རྒྱུད་རྒྱལ་ཁབ་སྤྱི་གླིང་ཧྲིལ་པོར་ཁེབས་པ་དང་རྒྱང་རིང་ཚོད་འཛིན་བྱེད་ཐུབ་པའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་མ་ལག་དེ་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་བཙུགས་པ་རེད། ལྟ་ཞིབ་ཚད་ལེན་བྱེད་མཁན་གྱིས་མཐོ་རིམ་ཚན་རྩལ་བྱ་ཐབས་ལ་བརྟེན་ནས་དུས་ཚོད་རིང་ཤོས་ཉིན་1ཙམ་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་12ཡོད་པའི་གཙང་གསུམ་ཆུ་འགོའི་རྒྱུད་ཡོངས་སུ་“སྐྱོད་”ཐུབ་ཀྱི་ཡོད་པ་རེད།
    【1】  【2】  【3】  【4】
    ༄༅།།ངོ་མཚར་ཆེ་བའི་གཙང་གསུམ་ཆུ་འགོའི་རྒྱུད་ཀྱི་མཛེས་ལྗོངས།
      

    ཕྱོགས་བསྡུས་གསར་འགྱུར།