འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་སྙན་སེང་ཞུ་བར་ཡིད་གཟབ་བྱ་དགོས་པའི་
    དོན་ཚན་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་25ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་བྱ་ཐབས་གསར་པར་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་པུའུ་འབྲེལ་མཉམ་འབྲེལ་ཚོགས་འདུའི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཉེན་བརྡ་འབྱོར་རྗེས་དངུལ་སྤྲོད་རྒྱུར་བཀག་འགོག་བྱེད་པའི་ལས་ཆོད་སྔར་བས་མཐོ་རུ་བཏང་སྟེ་གནོད་འཚེ་ཕོག་མཁན་གྱི་གྱོང་གུན་ནུས་ཤུགས་ཡོད་རྒུས་ལྷོག་ཆེད། ཉེ་ཆར། སྤྱི་བདེ་པུས་གློག་འཕྲིན་དྲ་རྒྱར་བརྟེན་ནས་ཁ་བསླུས་རྒྱག་པའི་གྱོད་གཞི་སྙན་སེང་ཞུ་བར་ཡིད་གཟབ་བྱ་དགོས་པའི་དོན་ཚན་ཁྱབ་བསྒྲགས་བྱས་ཏེ། མང་ཚོགས་ཀྱིས་དུས་ཐོག་ཏུ་སྤྱི་བདེ་ཚན་པར་གྱོད་གཞི་སྙན་སེང་ཞུ་རྒྱུར་སྟབས་བདེ་སྐྲུན་པ་རེད།
         ཡིད་གཟབ་དོན་ཚན་ལས་དྲན་སྐུལ་བྱས་དོན། མང་ཚོགས་ཚོར་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཐེབས་རྗེས། གཅིག་ནས། ཁྲམ་པའི་རྩིས་ཁྲའི་ཨང་གྲངས་དང་རྩིས་ཁྲིའི་མིང་མ་ནོར་བར་ཟིན་བྲིས་རྒྱག་པ་དང་། གཉིས་ནས། གང་མགྱོགས་110ལ་ཁ་པར་རྒྱག་པའམ་ཉེ་འགྲམ་གྱི་སྤྱི་བདེ་ཚན་པར་གྱོད་གཞི་སྙན་སེང་ཞུ་བ། གསུམ་ནས། དུས་ཐོག་ཏུ་ཁྲམ་པའི་རྩིས་ཁྲའི་ཨང་གྲངས་དང་རྩིས་ཁྲའི་མིང་མ་ནོར་བར་མི་དམངས་ཉེན་རྟོག་པར་མཁོ་འདོན་བྱེད་པ་བཅས་བྱས་ཏེ་སྤྱི་བདེ་ཚན་པས་འཕྲལ་དུ་དངུལ་སྤྲོད་རྒྱུར་བཀག་འགོག་བྱེད་དགོས།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ལོ་འགོར་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་བྱ་ཐབས་གསར་པར་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་པུའུ་འབྲེལ་མཉམ་འབྲེལ་ཚོགས་འདུས། སྤྱི་བདེ་ཚན་པས་འཕྲལ་དུ་དངུལ་སྤྲོད་རྒྱུར་བཀག་འགོག་བྱེད་པའི་ལས་དོན་ལ་བཀོད་སྒྲིག་བྱས་པ་དང་འབྲེལ། ཁྱབ་བསྒྲགས་བྱས་པའི་《སྤྱི་བདེ་ཚན་པས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞིར་མྱུལ་ཞིབ་བྱེད་པའི་ལས་དོན་གྱི་ལམ་སྲོལ་》ནང“འཕྲལ་དུ་དངུལ་སྤྲོད་རྒྱུར་བཀག་འགོག་བྱེད་པའི”ལས་དོན་གྱི་བརྒྱུད་རིམ་དང་བླང་བྱར་གཏན་འབེབས་ཁ་གསལ་བྱས་ཡོད། མིག་སྔར། སྤྱི་བདེ་པུའུ་དང་ཀྲུང་གོ་མི་དམངས་དངུལ་ཁང་གིས་མཉམ་དུ་བཏོད་པའི“གློག་འཕྲིན་ལ་བརྟེན་ནས་ཁ་བསླུས་རྒྱག་པའི་ཉོ་ཚོང་གི་ཉེན་ཁའི་དོན་རྐྱེན་དོ་དམ་ལས་སྟེགས”སྤྱོད་འགོ་ཚུགས་ཤིང་། དེས་མ་དངུལ་སྤྲོད་རྒྱུར་བཀག་འགོག་བྱེད་པའི་ལས་དོན་སྤེལ་བར་ཆ་རྐྱེན་བསྐྲུན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།