འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མཁའ་འགྲུལ་ཀུང་སིས་མཁའ་ལམ་གསར་པ་བདུན་ཁ་སྣོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་24ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་30ཉིན་ནས་བཟུང་རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱི་དགུན་དཔྱིད་དུས་གཏན་གནམ་གྲུའི་དུས་ཚིགས་བརྗེ་བའི་འཆར་གཞི་དངོས་སུ་ལག་ལེན་བསྟར་རྒྱུ་ཡིན་པ་རེད། དགུན་དཔྱིད་རིང་གི་འགྲུལ་པའི་འགྲོ་སྐྱོད་ཀྱི་དགོས་མཁོ་སྐོང་ཆེད། བོད་ལྗོངས་མཁའ་འགྲུལ་ཀུང་སིས་མཁའ་ལམ་ལ་ལེགས་སྒྲིག་བྱས་ཏེ་ཡུལ་སྐོར་བ་མང་བའི་སྐབས་མཁའ་ལམ་གསར་པ་ཁ་སྣོན་རྒྱག་རྩིས་ཡོད་པའི་ནང་ལྷ་ས་ནས་ཟི་ལིང་དང་ཆིང་ཏའོ་བར་དང་། ལྷ་ས་ནས་ལན་ཀྲོའུ་དང་ཆིང་ཏའོ་བར། ཁྲེང་ཏུའུ་ནས་ཅི་ནན་བར། ཁུན་མིང་ནས་ཐེན་ཅིན་བར། ཁྲུའུ་ཆིང་ནས་ཁྲང་ཧྲ་བར། ཀུའེ་ཀྲོའུ་ནས་ལན་ཀྲོའུ་བར། ཉིང་ཁྲི་ནས་ཁྲུའུ་ཆིང་དང་ཧྲེན་ཀྲེང་བར་བཅས་བདུན་ཚུད་ཡོད།
         བོད་ལྗོངས་མཁའ་འགྲུལ་ཚོང་གཉེར་ཨུ་ལྷན་གྱི་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་དུས་ཚིགས་བརྗེ་བའི་མཁའ་ལམ་གསར་པ་བདུན་ཁ་སྣོན་བརྒྱབ་པ་ཕུད། དུས་གཏན་གནམ་གྲུའི་ལན་གྲངས་དང་དུས་ཚིགས་ཀྱང་ལེགས་སྒྲིག་ཆེན་པོ་བྱས་ནས། འགྲུལ་པའི་འགྲོ་སྐྱོད་དགོས་མཁོ་སྐོང་རྒྱུ་དང་འགྲོ་སྐྱོད་མྱོང་ཚོར་ལེགས་སུ་གཏོང་རྒྱུ་རེད། རྒྱ་ཆེའི་འགྲུལ་པ་ཚོས་བོད་ལྗོངས་མཁའ་འགྲུལ་གྱི་གཞུང་ཕྱོགས་དྲ་ཚིགས་www.tibeta-irlines.com.cnབརྒྱུད་ལྷ་ས་ནས་ཐོན་རྒྱུའི་གོང་ཁེའི་སྤ་སེ་ཉོ་ཐུབ་ལ། བོད་ལྗོངས་མཁའ་འགྲུལ་གྱི་འགྲུལ་པའི་ཞབས་ཞུའི་ཁ་པར་400-808-9188བརྒྱུད་སྤ་སེ་ཉོ་རྒྱུ་དང་ཕྱིར་སློག་སོགས་ཀྱི་ལས་སྒོ་གཉེར་ཐུབ། ཡང་ན་བོད་ལྗོངས་མཁའ་འགྲུལ་གྱི་ཤིན་ལང་གཞུང་ཕྱོགས་དཔོད་ཆུང་ལ་དོ་ཁུར་བྱས་ནས་གོང་བཅག་ཆ་འཕྲིན་དང་ཁྱད་ལྡན་ཞབས་ཞུ་དུས་ཚོད་ཨང་དང་པོར་ཤེས་རྟོགས་ཐུབ་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།