འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཐོན་པ་ཤང་དང་བསམ་ཡས་གྲོང་རྡལ་གཉིས་“ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་རྡལ་”
    ཁག་ཐོག་མར་བདམས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་24ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཁག་དང་པོའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། གྲོང་རྡལ་127ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཁག་དང་པོར་ངོས་འཛིན་བྱས་པ་རེད། བོད་ལྗོངས་ཀྱི་ཤང་(གྲོང་རྡལ་)གཉིས་མིང་ཐོར་ཚུད་ཡོད་པ་སྟེ། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་ཐོན་པ་ཤང་དང་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་བསམ་ཡས་གྲོང་རྡལ་གཉིས་རེད།
         ཤེས་གསལ་ལྟར་ན། ཐོན་པ་ཤང་ནི་གཙོ་བོར་བོད་སྤོས་དང་བོད་ཤོག་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་ལས་ཀྱིས་གཙོ་བྲིན་བྱས་པ་དང་། དེའི་ཁྲོད་བོད་སྤོས་ཀྱི་བསྡུར་ཚད་ཟིན་ཚད་ཧ་ཅང་ཆེ་ཞིང་། གཞི་གྲངས་ལས་མངོན་པ་ལྟར་ན། 2015ལོར་ཤང་ཡོངས་ཀྱི་ཐོན་ལས་གཉིས་པའི་སྤྱིའི་ཡོང་འབབ་སྒོར་ཁྲི་1310.23ཟིན་ཡོད་པ་དང་། དེའི་ཁྲོད་བོད་སྤོས་ཀྱི་ཡོང་འབབ་སྒོར་ཁྲི་934ཟིན་ཡོད་ཅིང་། 2014ལོ་ལས་304.32%འཕར་ཡོད་པ་རེད། དེ་ཡང་ཐོན་པ་ཤང་གིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལས་ཤེས་བཟོ་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་མི་འདྲ་བར། བསམ་ཡས་གྲོང་རྡལ་ནི་གཅོ་བོ་ཡུལ་སྐོར་ལས་རིགས་ལ་རྟེན་གྱི་ཡོད་ཅིང་། བསམ་ཡས་གྲོང་རྡལ་ནི་ལྷོ་ཁའི་བོད་ཀྱི་རིག་གནས་འབྱུང་ཁུངས་དཔེ་འོས་མཚོན་བྱེད་ཡིན་ཞིང་། དུས་ཡུན་རིང་བའི་ལོ་རྒྱུས་རིག་གནས་ཁྲོད་དུ་ཕུན་སུམ་ཚོགས་ལ་གཏིང་ཟབ་པའི་ལོ་རྒྱུས་ཀྱི་ཤུལ་བཞག་མཆིས་པ་རེད། བྱ་རིམ་རྗེས་མར་བསམ་ཡས་གྲོང་རྡལ་གྱིས་ཁྲིམས་བཀོད་འཆར་འགོད་ལྟར་གྲོང་སྡེ་འཛུགས་སྐྲུན་བྱེད་རྒྱ་ཚོད་འཛིན་ནན་མོ་བྱས་ནས་ཚད་གཞི་ལྟར་སྤྱི་སྤྱོད་ཞབས་ཞུ་སྒྲིག་བཀོད་དང་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་བྱས་ནས་མིའི་འཚོ་གནས་ཁོར་ཡུག་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་མཛེས་སྡུག་ལྡན་པའི་གྲོང་སྡེ་འཛུགས་སྐྲུན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།