འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།"དམར་དམག་རྒྱང་སྐྱོད་ལ་གུས་འདུད་ཞུ"

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་25ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཚོགས་ལས་རིགས་ཁག་གིས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་ལྟ་བཞིན་དྲན་འཆར་བྲིས་པའི་ཟུར་བྲིས།
    “དཔའ་བོའི་ལོ་རྒྱུས་སྙན་ངག་ནམ་ཡང་མི་ནུབ་པའི་མཛད་རྗེས་ཏེ། ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ཀྲུང་གོ་མི་དམངས་གསར་བརྗེའི་དམག་དོན་དངོས་མང་རྟེན་རྫས་བཤམས་མཛོད་ཁང་དུ་གཉེར་བ་ནས་བཟུང་། ཉིན་ལྟར་ལྟད་མོ་བ་མང་པོ་བསུས་ཤིང་། ཟླ་9ཚེས་23ནས་ཟླ་10ཚེས་17ཉིན་བར་ལྟད་མོ་བ་206772ལ་སྣེ་ལེན་ཞུས་པ་དང་། འགྲེལ་བཤད་ཐེངས་1162བརྒྱབ་པ། དྲན་འཆར་2998བྲིས་ཡོད། མི་རྣམས་ཀྱིས་དྲན་འཆར་སུམ་སྟོང་ཙམ་བྲིས་པ་ལས་རྒྱང་སྐྱོད་དང་དམར་དམག་ལ་བཅངས་བའི་གུས་འདུད་ཀྱི་སེམས་པ་ལྷག་པར་མཚོན།
         ལོ་11ལ་སླེབས་པའི་གྲོགས་པོ་ཆུང་ཆུང་ལི་ཀོང་ཙུས་ང་རང་ཕ་ཡུལ་ཧོ་ནན་ཤིན་ཤང་ནས་པེ་ཅིང་ལ་ཡོང་སྟེ། དམར་དམག་རྒྱང་སྐྱོད་ཀྱི་འགྲེམས་སྟོན་ལ་བལྟས་པ་ཡིན། ཨ་ཁུ་དམར་དམག་ཚོས་མི་སེར་དང་འཐབ་གྲོགས་ལ་རང་དོར་གཞན་གཅེས་ཀྱི་སེམས་པ་བཅངས་ལུགས་ཚོར་བྱུང་། ཁྱེད་ཚོའི་རླབས་ཆེའི་མཛད་རྗེས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དང་མཉམ་དུ་གནས་རྒྱུ་ཡིན་པས་སླད་ཕྱིན་ངས་ཁྱེད་ཚོར་སློབ་སྦྱོང་ཞུས་ནས་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བྲིས་འདུག
         ཞུས་ཧན་མེང་ནི་ཏང་ནང་ཞུགས་མ་ཐག་པའི་ཏང་ཡོན་ཞིག་ཡིན། ཁོང་གིས“འདི་ལོར་ངར་ནང་མི་དང་མཉམ་དུ་སི་ཁྲོན་ལ་ཡོང་ནས་དམར་དམག་རྒྱང་སྐྱོད་ལམ་ལ་བཞུད་པ་ཡིན། དྲག་ཏུ་རྒྱུག་པའི་རྒྱལ་མོ་རྔུལ་ཆུ་མཐོང་སྐབས་སྔོན་དམར་དམག་འཐབ་འཛིང་པ་ཚོས་དཀའ་བ་དུ་མ་སྤྱད་པ་དྲན་པ་དང་ཆབས་ཅིག ཁོང་ཚོའི་སྙིང་སྟོབས་ལ་སེམས་འགུལ་ཡང་ཐེབས་བྱུང་། ཏང་ཡོན་ཞིག་ཡིན་པའི་ངོས་ནས་དམར་དམག་ལ་སློབ་སྦྱོང་བྱས་ནས་སེམས་ནང་དད་སེམས་ཡོད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་ཀྱི་ཡིན”ཞེས་བཤད།
         ཀྲོའུ་ཀྲེན་ཅིན་ཡང་རྒྱང་སྐྱོད་ལམ་བུར་བསྐྱར་དུ་བཞུད་དེ་ལེ་དབར་ཁྲི་དྲུག་དང་ལྔ་སྟོང་ཙམ་བསྐྱོད་ཅིང་། ཁོང་གིས“དམར་དམག་དཔུང་ཕྱོགས་སྒར་ཆེན་དང་པོ་དང་། གཉིས་པ། བཞི་པ་དང་དམར་དམག་དཔུང་ཕྱོགས་སྒར་ཆེན་ཉེར་ལྔ་པ་བཅས་ཀྱིས་་བསྐྱོད་མྱོང་བའི་ས་ཆ་ཚང་མར་ང་ཚོ་ཕྱིན་པས་མྱོང་ཚོར་ཟབ་མོ་བྱུང་། དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་ནི་ང་ཚོའི་མེས་རྒྱལ་གྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པས། རྒྱང་སྐྱོད་ལ་དད་གུས་ཆེན་པོ་ཞིག་སྐྱེ་ལ་ང་ཚོའི་གཅེས་པར་འོས་པའི་མིར་གུས་འདུད་ཞུ་རྒྱུ་ཡིན”ཞེས་བྲིས་ཡོད། དཔའ་བོ་ཉེར་གཉིས་གྲས་ཀྱི་ལི་ཡེའུ་ལིན་གྱི་བུ་ལི་ཞའོ་མན་གྱིས་ཕའི་ཞུམ་མེད་སྙིང་སྟོབས་ལ་རྗེས་དྲན་ཞུས་རྗེས། མྱོང་ཚོར་ཟབ་མོས“དེ་དུས་དཔའ་བོ་ཉེར་གཉིས་ཀྱིས་ལྕགས་ཟམ་ཁ་བླངས་པའི་ལོ་རྒྱུས་བརྩམས་ཡོད། ད་ཆ་ལྕགས་ཐག་བཅོ་གསུམ་དེ་དག་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་ལྷན་དུ་བགྲང་བྱ་རེ་བདུན་སོང་ཞིང་། རྗེས་རབས་པས་སླར་ཡང་འོད་སྟོང་འཕྲོ་བའི་ངོ་མཚར་གཏོད་བཞིན་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།