གསར་འགྱུར་སྤེལ་དུས། 【2016ལོའི་ཟླ་ 10ཚེས་24ཉིན། 13:56】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། བོད་ཀྱི་སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་རྩལ་ནི་བོད་མི་རིགས་ཀྱིས་ལོ་ངོ་ཁྲི་སྟོང་མང་པོའི་རིང་གི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཐོན་པའི་ཡིད་དབང་འཕྲོག་ཤུགས་ཐུན་མིན་ལྡན་པའི་སྒྱུ་རྩལ་ཞིག་ཡིན་ལ། སྒྱུ་རྩལ་དེ་ལས་བོད་མི་རིགས་ཀྱི་བློ་གྲོས་དང་སྒྱུ་རྩལ་གྱི་སྤོབས་ཉམས་མངོན་ཡོད་པ་རེད།
སྐུ་ཉིད་བོད་པའི་ཐོག་ཁང་ནང་བསྐྱོད་པ་ཙམ་དུ་བརྐོས་རིས་དཀྲོལ་ཚགས་ལེགས་ཤིང་། བཀོད་མཛེས་བརྗིད་ཆགས་ཀྱི་བོད་ལུགས་ཁྱིམ་ཆས་ཀྱིས་ཁྱེད་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་སྲིད། བཟོ་དབྱིབས་བཀོད་སྒྲིག་ལུགས་དང་མཐུན་ཞིང་། རྒྱན་རིས་འདྲ་མིན་སྣ་ཚོགས་དང་ཚོན་མདངས་རྣམ་པར་བཀྲ་བའི་ཅོག་ཙེ་དང་ཆ་སྒམ་དང་། དེ་བཞིན་རྒྱན་རིས་རྐོ་འབྲི་བྱས་པའི་སྒོ་ཕིབས་དང་སྒེའུ་ཁུང་རུ་བཞི་བཅས་ལས་བདེ་ཞིང་སྐྱིད་ལ་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་པ་མངོན་ཡོད་པ་རེད།
【1】
【2】
【3】
【4】
【5】
【6】
【7】
【8】
【9】
【10】
【11】
【12】
【13】
【14】
【15】
【16】
【17】
【18】
【19】
【20】
【21】