འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་རྫ་སྟོད་རྫོང་དུ་བྱུང་བའི་ས་ཡོམ་ཁྲོད་གནོད་འཚེ་ཕོག་པའི་འབྲོག་པ་རྣམས་
    བདེ་འགོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་20ཉིན། 12:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཚོ་སྔོན་ཞིང་ཆེན་རྫ་སྟོད་རྫོང་དུ་བྱུང་བའི་ས་ཡོམ་ཁྲོད་གནོད་འཚེ་ཕོག་པའི་འབྲོག་པ་རྣམས་
བདེ་འགོད་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་17ཉིན་ཆུ་ཚོད་15སྐར་མ་14སྟེང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ་ས་ཡོམ་རིམ་པ་6.2བྱུང་བ་རེད། ཚེས་18ཉིན་གསར་འགོད་པས་རྫ་སྟོད་རྫོང་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་ས་ཡོམ་གྱིས་རྫོང་ཡོངས་ཀྱི་འབྲོག་པའི་ཁྱིམ་དུད་3000ལྷག་གི་སྡོད་ཁང་ལ་ཚད་མི་འདྲ་བའི་གནོད་སྐྱོན་ཕོག་ཡོད་པ་དང་། མིག་སྔར་རྫ་སྟོད་རྫོང་གི་རྫོང་མཁར་དང་། ཤང་དང་གྲོང་རྡལ་ཁག་ཏུ་བདེ་འགོད་བྱེད་ས་བཙུགས་ཏེ་རྩད་ཞིབ་བྱས་ནས་རྟོགས་པའི་གནོད་འཚེ་ཕོག་པའི་འབྲོག་པ་ཚང་མ་བདེ་འགོད་བྱས་པ་རེད། འདི་ནི་རྫ་སྟོད་རྫོང་ཨ་སྟོད་ཤང་སྟོབས་རྒྱལ་གྲོང་ཚོའི་གནོད་འཚེ་ཕོག་པའི་འབྲོག་པ་སྐལ་དབང་དང་ཁོང་ཉིད་ཀྱི་ཚ་མོ་གཉིས་རྒུད་སྐྱོབ་གུར་མདུན་དུ་ཡོད་པ།
    【1】  【2】  【3】  【4】
    ༄༅།།མཚོ་སྔོན་ཞིང་ཆེན་རྫ་སྟོད་རྫོང་དུ་བྱུང་བའི་ས་ཡོམ་ཁྲོད་གནོད་འཚེ་ཕོག་པའི་འབྲོག་པ་རྣམས་
བདེ་འགོད་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།