འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་མ་ཚོར་དགུན་དུས་གུང་གསེང་སྐབས་ཀྱི་མེ་འཁོར་སྤ་སེ་སྔོན་འཚོང་བྱེད་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་24ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་24ཉིན་ནས་བཟུང་སློབ་མ་ཚོར་དགུན་དུས་གུང་གསེང་སྐབས་ཀྱི་མེ་འཁོར་སྤ་སེ་སྔོན་འཚོང་བྱེད་འགོ་བརྩམས་ཤིང་། སློབ་གྲྭར་ཡོད་པའི་སློབ་མ་ཚོས་12306དྲ་ཚིགས་དང་། ཁ་པར། ལག་ཁྱེར་ཁ་པར་གྱི་མཁོ་མཁན་ཕྱོགས་(手机客户端)བཅས་དང་དེ་བཞིན་མེ་འཁོར་ས་ཚིགས་ཀྱི་སྤ་སེ་འཚོང་སའི་སྒེའུ་ཁུང་དང་། སྤ་སེ་ཚབ་འཚོང་བྱེད་ས། རང་འགུལ་སྤ་སེ་འཚོང་བའི་འཕྲུལ་འཁོར་བཅས་ཀྱི་བྱ་ཐབས་དྲུག་གི་ཐོག་ནས་དགུན་དུས་གུང་གསེང་སྐབས་ཀྱི་སློབ་མའི་མེ་འཁོར་སྤ་སེ་མངག་ཉོ་བྱས་ཆོག་པ་རེད།
         གཏན་འབེབས་ལྟར་ན། མེ་འཁོར་སྤ་སེ་ནི་མེ་འཁོར་འཁོར་སྒྲོམ་གྱི་ཆ་རྐྱེན་མི་འདྲ་བ་བཞིན་རྐུབ་སྟེགས་དཀྱུས་མའི་གྲས་དང་། དྲོད་སྙོམས་འཕྲུལ་འཁོར་ཡོད་པའི་གྲས། མྱུར་ཚད་མགྱོགས་སུ་གཏོང་བའི་གྲས་བཅས་དང་ཉལ་ཁྲི་དཀྱུས་མ་དང་། རྐུབ་སྟེགས་འབོལ་མ། ཉལ་ཁྲི་འབོལ་མ་བཅས་ཀྱི་གྲས་ལས་གྲུབ་ཡོད་པ་རེད། སློབ་མ་ཚོས་གུང་གསེང་སྐབས་སྤ་སེ་ཉོ་དུས་རྐུབ་སྟེགས་དཀྱུས་མ་དང་། མྱུར་ཚད་མགྱོགས་སུ་གཏོང་བ། དྲོད་སྙོམས་འཕྲུལ་འཁོར་ཡོད་པའི་གྲས་བཅས་ཀྱི་སྤ་སེའི་རིན་གོང་ཕྱེད་ཀའི་གཟིགས་སྐྱོང་ལོངས་སྤྱོད་བྱས་ཆོག་ལ། གཞན་ཡང་ཉལ་ཁྲི་དཀྱུས་མའི་སྤ་སེ་ཡང་ཉོས་ཆོག འོན་ཀྱང་དེའི་ཉལ་ཁྲིའི་ཆ་ལ་རིན་གོང་ཕྱེད་ཀའི་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ་མེད་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོའི་དགུན་དུས་གུང་གསེང་སྐབས་ཀྱི་སློབ་མའི་མེ་འཁོར་སྤ་སེ་སྤྱད་ཆོག་པའི་དུས་ཡུན་ནི་2016ལོའི་ཟླ་12ཚེས་1ཉིན་ནས་2017ལོའི་ཟླ་3ཚེས་31ཉིན་བར་ཡིན་ཞིང་། སློབ་གྲྭ་ཆེ་མོ་ཁག་གི་དགུན་དུས་གུང་གསེང་བཀོད་སྒྲིག་བྱས་པར་གཞིགས་ན། ལོ་གསར་སྔོན་དུ་སློབ་མ་ཚོ་ནང་ལ་ལོག་པའི་འགྲུལ་པ་ཕར་ཚུར་འགྲོ་ཚད་མང་བའི་མཐོ་རླབས་འཕྱུར་དུས་ནི་ཟླ་12ཚེས་20ཉིན་ནས་2017ལོའི་ཟླ་1ཚེས་10ཉིན་བར་ཡིན་པ་དང་། གུང་གསེང་རྗེས་སུ་སློབ་མ་ཚོ་ཕྱིར་སློབ་གྲྭར་ལོག་པའི་འགྲུལ་པ་ཕར་ཚུར་འགྲོ་ཚད་ཆེ་བའི་མཐོ་རླབས་འཕྱུར་དུས་ནི་2017ལོའི་ཟླ་2ཚེས་20ཉིན་ནས་ཟླ་3ཚེས་1ཉིན་གྱི་བར་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།