འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་ཡོ་རོབ་གླིང་གི་རིག་མཛོད་དང་ཡོ་རོབ་
    གླིང་གི་དབྱི་ཧུའེ་གྲོས་ཚོགས་ལ་འཚམས་འདྲི་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་20ཉིན། 12:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་ཡོ་རོབ་གླིང་གི་རིག་མཛོད་དང་ཡོ་རོབ་
གླིང་གི་དབྱི་ཧུའེ་གྲོས་ཚོགས་ལ་འཚམས་འདྲི་གནང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་17ཉིན་དང་ཚེས་18ཉིན་གཉིས་ལ་ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་ཡོ་རོབ་གླིང་གི་རིག་མཛོད་དང་ཡོ་རོབ་གླིང་གི་དབྱི་ཧུའེ་གྲོས་ཚོགས་ལ་འཚམས་འདྲི་བྱས་ནས་བོད་ལྗོངས་ཀྱི་རིག་གནས་སྲུང་སྐྱོང་དང་བོད་ལྗོངས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་སོགས་ཀྱི་ཐད་ནས་ཡོ་རོབ་གླིང་གི་མཁས་དབང་དང་། དབྱི་ཧུའེ་གྲོས་མི། དམངས་ཚོགས་དཀྱུས་མ་བཅས་དང་བཞུགས་མོལ་སྤེལ་རེས་བྱས་པ་མ་ཟད། གནས་ཚུལ་དངོས་མཚོན་གློག་བརྙན་སྟོན་པ་སོགས་ཀྱི་བྱེད་སྒོར་ཞུགས་ནས་ཡོ་རོབ་གླིང་གི་ལས་རིགས་སོ་སོའི་མི་སྣ་ཚོར་བོད་ལྗོངས་ཀྱི་རིག་གནས་དང་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།
         ཚེས་17ཉིན་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་ཡོ་རོབ་གླིང་གི་མནའ་འབྲེལ་ཚོགས་པའི་རིག་མཛོད་ཨེ་ཤེ་ཡ་གླིང་གི་གནད་དོན་ཞིབ་འཇུག་ཁང་དང་བཞུགས་མོལ་བྱས་ཤིང་། ཀྲུང་་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲང་ཡུན་གྱིས་“བོད་ལྗོངས་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་”སྐོར་གཏམ་བཤད་བྱས་ནས་ཀྲུང་གོས་དུས་ཡུན་རིང་པོར་བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ངོས་སྦྱོར་གནང་བ་རེད།
         ཡོ་རོབ་གླིང་གི་མནའ་འབྲེལ་ཚོགས་པའི་རིག་མཛོད་ཨེ་ཤེ་ཡ་གླིང་གི་གནད་དོན་ཞིབ་འཇུག་ཁང་གི་དབུ་བཞུགས་ལག་བསྟར་དཔོན་ཨ་ཁེ་སེར་•ཀེ་ཐར་སི་ཡིས་འཆད་ཁྲིད་གནང་བའི་ཁྲོད་ནས་བོད་ལྗོངས་རིག་གནས་ལ་ལྡན་པའི་ཤེས་རབ་ཆེན་པོ་མྱོང་ཚོར་བྱུང་བ་དང་། ཀྲུང་གོའི་ཕྱོགས་ཀྱིས་བོད་ཀྱི་སྐད་ཡིག་དང་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ཐད་ལ་ཐོབ་པའི་གྲུབ་འབྲས་ལ་བསྟོད་བསྔགས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཚེས་18ཉིན་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པ་ཡོ་རོབ་གླིང་གི་དབྱི་ཧུའེ་གྲོས་ཚོགས་སུ་ཕྱིན་ནས་དབྱི་ཧུའེ་གྲོས་མི་ཚོ་དང་མཉམ་དུ་བོད་ལྗོངས་འཕེལ་རྒྱས་དང་ད་ལྟའི་གནས་ཚུལ་སྐོར་གྱི་ཞིབ་གྲོས་ཚོགས་འདུ་འཚོགས་པ་རེད། ཡོ་རོབ་གླིང་གི་དབྱི་ཧུའེ་གྲོས་ཚོགས་ཡོ་རོབ་དང་ཀྲུང་གོའི་མཛའ་མཐུན་ཆོགས་ཆུང་གི་ཀྲུའུ་ཞི་ནེ་ཅེ་•ཏེ་ཝ་ཡིས་ཁོང་ད་ལོའི་ཟླ་8པར་བོད་ལྗོངས་སུ་འཚམས་འདྲི་བྱེད་པར་འགྲོ་མྱོང་། ས་གནས་དེ་གར་འཕེལ་རྒྱས་མགྱོགས་མྱུར་བྱུང་བ་དང་། ལྷ་སའི་ཁྲོམ་ལམ་དུ་ཆོས་ལུགས་དད་མོས་ཀྱི་སྣང་ཚུལ་ཤུགས་ཆེན་ལྡན་པ། ལྷ་ས་སློབ་ཆེན་གྱིས་བོད་ཡིག་གི་གནའ་གཞུང་དང་དཔྱད་གཞིའི་ཡིག་རིགས་ཉར་ཚགས་ལེགས་པོ་བྱས་ཡོད་པ་དེ་ཚོས་ཁོ་ལ་བག་ཆགས་གཏིང་ཟབ་མོ་བཞག་ཡོད་ཅེས་གསུངས་པ་རེད། 
         ཏེ་ཝ་ཡིས་བོད་ལྗོངས་སུ་བསྐྱོད་པ་དེས་ཁོ་རང་ལ་རིག་གནས་དང་། མཛེས་སྡུག དེང་རབས་ཅན་བཅས་ཀྱི་བོད་ལྗོངས་ཤིག་མཐོང་དུ་བཅུག་པ་དང་། བོད་ལྗོངས་མི་དམངས་ཀྱིས་རང་དབང་དང་ཁེ་དབང་ལོངས་སུ་སྤྱོད་བཞིན་ཡོད་པ་དང་། འཚོ་བའི་ཆུ་ཚད་མཐོ་རུ་མངོན་གསལ་ཕྱིན་པ་ཤེས་རྟོགས་བྱུང་བས། འདི་དག་གི་ཐོག་ནས་བོད་ལྗོངས་འཕེལ་རྒྱས་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་གསལ་པོར་མཚོན་པ་རེད་ཅེས་གསུངས་པ་རེད། 
    ༄༅།།ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་ཡོ་རོབ་གླིང་གི་རིག་མཛོད་དང་ཡོ་རོབ་
གླིང་གི་དབྱི་ཧུའེ་གྲོས་ཚོགས་ལ་འཚམས་འདྲི་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།