འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།《རླུང་འཚུབ་ཁྲོད་ཀྱི་སྲོ་ལོ་དམར་པོ་》ཞེས་པའི་གློག་བརྙན་གཞིས་ཀར་པར་ལེན་འགོ་བརྩམས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་19ཉིན། 17:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།《རླུང་འཚུབ་ཁྲོད་ཀྱི་སྲོ་ལོ་དམར་པོ་》ཞེས་པའི་གློག་བརྙན་གཞིས་ཀར་པར་ལེན་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་17ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཅི་ལིན་ཞིང་ཆེན་དྲིལ་བསྒྲགས་པུའུ་ཡིས་རོགས་སྐྱོར་གཙོ་བོ་གནང་བ་དང་། ཅི་ལིན་ཞིང་ཆེན་བོད་སྐྱོར་ལས་བྱེད་ལྟེ་བའི་ཚོགས་ཆུང་དང་གཞིས་ཀ་རྩེ་གྲོང་ཁྱེར་ཨུ་ལྷན་དྲིལ་བསྒྲགས་པུའུ་ཡིས་སྐུལ་འདེད་ཧུར་ཐག་བཏང་བའི་འོག་ཀྲུང་ཝུན་གློག་བརྙན་བརྙན་འཕྲིན་(中闻影视)དང་ཁྲང་དབྱིང་ཚོགས་པས་(长影集团)མཉམ་འབྲེལ་བྱས་ནས་པར་ལེན་བཟོ་སྐྲུན་བྱ་རྒྱུའི་བོད་སྐྱོར་བརྗོད་བྱ་བྱེད་པའི་སྒྱུ་རྩལ་གློག་བརྙན་《རླུང་འཚུབ་ཁྲོད་ཀྱི་སྲོ་ལོ་དམར་པོ་》ཞེས་པ་གཞིས་ཀ་རྩེར་པར་ལེན་བྱེད་འགོ་བརྩམས་པ་རེད། གློག་བརྙན་དེའི་ནང་བོད་སྐྱོར་སྨན་པ་ལིན་ཞུའེ་ཧྥང་(凌雪峰)ལོ་བཅུའི་རྗེས་སུ་ཡང་བསྐྱར་བོད་ལྗོངས་སུ་ལོག་ནས་ཐོག་མའི་དགའ་རོགས་སྐལ་བཟང་མེ་ཏོག་དང་བསྐྱར་དུ་མཉམ་འཛོམས་བྱེད་པའི་ཡིད་དབང་འཕྲོག་པའི་གཏམ་རྒྱུད་བརྗོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།