འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་མངའ་སྡེ་ལྷོ་ཁ་ལི་ཧྥོར་ནི་ཡ་རུ་འགྲིམ་འགྲུལ་བྱུར་ཉེས་ངན་གཤིས་ཤིག་བྱུང་ནས་
    ཉུང་མཐར་ཡང་མི་11རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་24ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་23ཉིན་གྱི་ཞོགས་པར་ཨ་རིའི་མངའ་སྡེ་ལྷོ་ཁ་ལི་ཧྥོར་ནི་ཡ་(Southern California)ཡི་Palm Springsས་ཁུལ་དུ་ཡུལ་སྐོར་རླངས་འཁོར་ཞིག་གིས་མྱུར་བགྲོད་གཞུང་ལམ་ཐོག་ནས་སྔུན་གྱི་རླངས་འཁོར་ཞིག་ལ་བརྒྱབ་ནས་བྱུར་ཉེས་ངན་གཤིས་ཀྱི་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་བས། ཉུང་མཐར་ཡང་མི་11རྐྱེན་ལམ་དུ་ཤོར་བ་རེད།
          ས་གནས་དེ་གའི་སྨྱན་སྦྱོར་ལས་ཁུངས་ཀྱིས་སྤེལ་བའི་གནས་འཕྲིན་ལྟར་ན། དོན་རྐྱེན་འདིའི་ནང་ཉུང་མཐར་ཡང་མི་11རྐྱེན་ལམ་དུ་ཤོར་བ་དང་། མི་30ལ་རྨས་སྐྱོན་ཕོག་པ་རེད། མིག་སྔར་རྨས་སྐྱོན་ཕོག་མཁན་ཚོ་ས་གནས་དེ་གའི་སྨན་ཁང་དུ་སྐྱེལ་ཡོད་པ་དང་། དོན་རྐྱེན་བྱུང་ཡུལ་ཉེ་འཁོར་གྱི་མྱུར་བགྲོད་གཞུང་ལམ་བཀག་སྡོམ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།