འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ལམ་318པ་ནི་དྲན་ཤེས་ལས་རིང་བའི་ལམ་བུ་ཞིག་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་20ཉིན། 08:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་ལམ་318པ་ནི་དྲན་ཤེས་ལས་རིང་བའི་ལམ་བུ་ཞིག་ཡིན་པ།
         མི་དམངས་དྲ་བའི་འཕྲིན། གཤོངས་ས་ནས་མཐོ་སྒང་བར་དང་། མཚོ་ངོས་ནས་ཇོ་མོ་གླང་མའི་བར། ཚྭ་མེད་མཚེའུ་ནས་ཚྭ་ཆུའི་མཚེའུ་བར། ཆར་ལྡན་ནགས་ཚལ་ནས་རྩྭ་ཐང་དང་བྱེ་ཐང་གི་བར་སོགས་ཧྲང་ཧའེ་གྲོང་ཁྱེར་མི་དམངས་ཐང་ཆེན་ནས་འགོ་བཙུགས་ཏེ་བོད་རང་སྐྱོང་ལྗོངས་གཉའ་ལམ་རྫོང་འགྲམ་གྲོང་རྡལ་གྱི་མཛའ་གྲོགས་ཟམ་པའི་བར་དུ་བསྲིངས་པའི་ལམ་ཐག་སྤྱི་ལེ་5000ཡོད་པའི་རྒྱལ་ལམ་318པ་ནི་འཛམ་གླིང་ཐོག་མིང་དུ་གྲགས་པའི་ཀྲུང་གོའི་མཛེས་ལྗོངས་ཁྱབ་པའི་ཁྱམས་རིང་ལྟ་བུ་ཞིག་ཡིན་པས། ཚང་མས་"ཀྲུང་གོའི་མཛེས་ལྗོངས་ཁྱབ་པའི་ལམ་ཆེན་"ཞེས་འབོད་ཀྱི་ཡོད་ལ།  སྙན་ངག་གི་རྒྱན་སྤྲས་ཏེ་"དྲན་ཤེས་ལས་རིང་བའི་ལམ་བུ་"ཞེས་ཀྱང་བརྗོད་ཀྱི་ཡོད་པ་རེད།
         རྒྱལ་ལམ་318པ་ནི་ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ། ཧུའུ་པེ། ཁྲུང་ཆིང་། སི་ཁྲོན། བོད་ལྗོངས་སོགས་ཞིང་ཆེན་རང་སྐྱོང་ལྗོངས་གྲོང་ཁྱེར་བརྒྱུད་དེ་ལམ་བར་དུ་རང་བྱུང་གི་མཛེས་ལྗོངས་རྣམ་པ་བཀྲ་ཞིང་ཕུན་སུམ་ཚོགས་པ་དང་། འབྲི་ཆུ་ཁ་དང་། ཆན་ཐང་གཙང་པོ། ཧོང་ཧྲན་རི་བོ། ལུའུ་ཧྲན་རི་བོ། ཧྲེན་ནུང་ཅཱ། དུང་དཀར་ལུང་པའི་ཐུར་ཆགས་འཁྱགས་རོམ་སྨི་སྟོང་ཅན། ཤར་སྟོད་བཞག་་བྲ་དཀར་པོ། འདབ་པའི་གངས་རི་ཆེན་པོ་གསུམ་སོགས་རྒྱལ་ལམ་318པ་བསྲིངས་པའི་འཕྲེད་ཐིག་བྱང་མའི་ཏུའུ་30དེད་དེ་ནུབ་ཏུ་བསྐྱོད་ན། ཁྱེད་ཀྱིས་རང་བྱུང་མཛེས་ལྗོངས་འདི་དག་ནི་རྒྱལ་ལམ་318པའི་ཕྱོགས་གཉིས་སུ་ཡོད་པ་མ་ཡིན་པར། རྒྱལ་ལམ་གྱི་ལྷོ་བྱང་ལས་མི་རིང་བའི་ཁྱབ་ཁོངས་སུ་གནས་ཡོད་པ་ཤེས་ཐུབ། རྒྱལ་ལམ་318པ་ནི་ཀྲུང་གོའི་མཛེས་ལྗོངས་ཕྲེང་བ་ལྟར་བརྒྱུས་པའི་མཛེས་སྡུག་ལྡན་པའི་མུ་ཏིག་ཕྲེང་བ་ལྟ་བུ་ཞིག་གྲུབ་ཡོད་པ་རེད།
         རྒྱལ་་ལམ་318པ་དེད་དེ་བསྐྱོད་ན།  ཁྱེད་ཀྱིས་ཀྲེ་ཅང་ཞིང་ཆེན་གྱི་ཧོ་མུའུ་ཏུའུ་(河姆渡)དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁོངས་ཀྱི་ཁ་རུབ་ཤུལ་རྙིང་གྱི་ཞིང་ལས་ཤེས་དཔལ་ཉམས་སུ་མྱོང་ཐུབ་པ་དང་། ལོ་ངོ་སྟོང་གི་གོང་མ་ཚང་གི་བསམ་གཏན་གླིང་ཀུན་བདེ་དགོན་(千年皇家禅林广德寺)ནས་ཕོ་བྲང་པོ་ཏ་ལའི་བར། ཀྲོའུ་ཀྲོང་གི་ཁང་རྙིང་ནས་རོང་བྲག་རྗོང་གི་མཁར་རྫོང་བར། ཐང་བོད་གནའ་ལམ་ནས་བོད་དབྱིས་མཐུད་འབྲེལ་ས་རྒྱུད་ནར་རིང་བར་བཅས་རྒྱལ་ལམ་318པས་བོད་རིགས་དང་། རྒྱ་རིགས། ཆའང་རིགས། དབྱིས་རིགས་སོགས་སྣ་མང་གཞི་གཅིག་ཅན་གྱི་མི་རིགས་ཀྱི་རིག་གནས་ཕན་ཚུན་མཉམ་འདྲེས་བྱས་ཡོད་པ་རེད། འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་ཁོངས་ཉིན་སྟེང་མཛེས་ལྗོངས་ཁུལ་གྱི་ནེ་ཐང་དམར་པོ།
    【1】  【2】  【3】  【4】  【5】  【6】  【7】
    2013ལོའི་ཟླ9ཚེས་18ཉིན་ཀྲེ་ཅང་ཞིང་ཆེན་ཧའེ་ཉིང་གྲོང་ཁྱེར་ཆན་ཐང་གཙང་པོར་མངོན་པའི་རྦ་རླབས་འཕྱུར་བའི་མཛེས་ལྗོངས།
    2013ལོའི་ཟླ9ཚེས་18ཉིན་ཀྲེ་ཅང་ཞིང་ཆེན་ཧའེ་ཉིང་གྲོང་ཁྱེར་ཆན་ཐང་གཙང་པོར་མངོན་པའི་རྦ་རླབས་འཕྱུར་བའི་མཛེས་ལྗོངས།
      

    ཕྱོགས་བསྡུས་གསར་འགྱུར།