འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཅང་སུའུ་ཡིས“འོས་འགན་སྨན་བཅོས་དང་གསོ་སྦྱོང”ཟུང་དུ་འབྲེལ་བའི་སྨན་བཅོས་བོད་སྐྱོར་
    གྱི་རྣམ་པ་གསར་པ་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་30ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་26ཉིན་བོད་ལྗོངས་ནག་ཆུ་ས་ཁུལ་གྱི་གཞི་རིམ་སྨན་པ་10ནན་ཅིང་ཀྲུང་ལུགས་གསོ་རིག་ཞིབ་འཇུག་ཁང་གསར་པར་འབྱོར་ནས་དུས་ཡུན་ཟླ་བ་གསུམ་གྱི་སློབ་ཡོན་སྤྲོད་མི་དགོས་པའི་སྤྱི་ཕན་སྨན་བཅོས་གསོ་སྦྱོང་དང་ལེན་བྱེད་འགོ་ཚུགས་ཤིང་། ནན་ཅིང་ཀྲུང་ལུགས་གསོ་རིག་ཞིབ་འཇུག་ཁང་གསར་པའི་ཡོའན་ཀྲང་ཝང་སི་ཕིང་གིས་ད་ཐེངས་ཀྱི་གསོ་སྦྱོང་དེ་འགོ་འཛུགས་པར་བྱས་ཏེ་སླད་ཕྱིན་བོད་རིགས་ཀྱི་གཞི་རིམ་སྨན་པ་མང་པོར་འདི་ནས་གསོ་སྦྱོང་བྱ་རྒྱུ་རེད་ཅེས་བཤད།
         ད་ཐེངས་ཀྱི་སྤྱི་ཕན་སྨན་བཅོས་བྱེད་སྒོའི་སྒྲིག་འཛུགས་པ་ཀྲང་ཧུང་ཧྥེ་ཡིས་མིག་སྔར་ས་གནས་ཁག་གི་སྨན་བཅོས་བོད་སྐྱོར་དེ་གཙོ་བོ་ཕུལ་བྱུང་སྨན་པ་འབོར་ཆེན་ཞིག་སྒྲིག་འཛུགས་བྱས་ནས་བོད་དུ་འོས་འགན་སྨན་བཅོས་བྱ་རྒྱུ་དེ་རེད། འོན་ཀྱང་འོས་འགན་སྨན་བཅོས་བྱེད་པའི་དུས་ཚོད་མང་པོ་མེད་པ་དང་སྨན་བཅོས་བྱེད་པའི་ཁྱབ་ཁོངས་ཆེན་པོ་མེད་པར་བརྟེན། ས་གནས་དེ་གའི་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་སྐོང་ཐབས་བྲལ་བ་ཞིག་རེད་ཅེས་ངོ་སྤྲོད་བྱས།
         “ད་ཐེངས་ཀྱི་གསོ་སྦྱོང་དེས་སྨན་བཅོས་ལག་རྩལ་ས་གནས་དེ་གའི་སྨན་པར་བསླབས་ནས་ནམ་ཡང་གནས་པའི་སྨན་བཅོས་རུ་ཁག་གཅིག་སྐྱེད་སྲིང་བྱ་རྒྱུ་ཡིན། སླད་ཕྱིན་ང་ཚོས་སྨན་བཅོས་གསོ་སྦྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང་གསོ་སྦྱོང་གི་ཁྱབ་ཁོངས་དེའང་ནག་ཆུ་ས་ཁུལ་ནས་བོད་ཡོངས་ལ་རྒྱ་ཆེར་བཏང་སྟེ་མཐར་འོས་འགན་སྨན་བཅོས་དང་གསོ་སྦྱོང་བྱེད་པའི་སྨན་བཅོས་བོད་སྐྱོར་གྱི་རྣམ་པ་ཞིག་གཏོད་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཀྲང་ཧུང་ཧྥེ་ཡིས་བཤད།
         བོད་ལྗོངས་ནག་ཆུ་ས་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གཞི་རིམ་འཕྲོད་བསྟེན་ཁོའོ་ཡི་ཁོའོ་ཀྲང་ཚེ་རིང་སྨོན་སྐྱིད་ཀྱིས“བོད་ལྗོངས་ནག་ཆུ་ས་ཁུལ་ས་བབ་མཐོ་བས་སྙིང་ནད་དང་། གྲུམ་ནད། ཁྲག་ཤེད་མཐོ་བ་སོགས་ཀྱི་གཅོང་ནད་ཐོན་སླ་པོ་ཡོད། འོན་ཀྱང་ནག་ཆུ་ས་ཁུལ་ལ་མིག་སྔར་ནད་ཁྲི་1280དང་སྨན་པ་2077ལས་མེད་ལ། གཞི་རིམ་སྨན་པ་ཧ་ཅང་དཀོན་པོ་ཡོད”ཅེས་བཤད།
         “ནན་ཅིང་ཀྲུང་ལུགས་གསོ་རིག་ཞིབ་འཇུག་ཁང་གསར་པས་རང་ཉིད་ལ་སློབ་ཡོན་སྤྲོད་མི་དགོས་པར་གསོ་སྦྱོང་བྱེད་པའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་སླད་ཕྱིན་གྱི་ཟླ་བ་གསུམ་ནང་གསོ་སྦྱོང་ནན་ཏན་བྱས་ནས་ལག་རྩལ་ཧུར་ཐག་སྦྱོང་གི་ཡིན། ཕ་ཡུལ་དུ་ལོག་རྗེས་ཡུལ་མི་ཚོར་སྨན་བཅོས་སྔར་བས་ཡག་པ་བྱེད་ཐུབ་པ་བྱེད་ཀྱི་ཡིན”ཞེས་ད་ཐེངས་ཀྱི་གསོ་སྦྱོང་ནང་ཞུགས་མཁན་ནག་ཆུ་ས་ཁུལ་ལྷ་རི་རྫོང་མཚོ་སྟོད་ཤང་གི་སྨན་པ་དོན་གྲུབ་རྒྱ་མཚོས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།