འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་བཟོ་སྐྲུན་ཁང་གི་བོད་ཀྱི་ཡོན་ཧྲིའི་ལས་དོན་ས་ཚུགས་ཐོག་མ་དེ་ལྷ་སར་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་30ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་བཟོ་སྐྲུན་ཁང་གི་བོད་ཀྱི་ཡོན་ཧྲིའི་ལས་དོན་ས་ཚུགས་ཐོག་མ་སྟེ། ལྷ་སའི་ས་གཙང་བདེ་ཐང་ཐོན་ལས་ཡོན་ཧྲིའི་ལས་དོན་ས་ཚུགས་ཚེས་27ཉིན་སྒོ་བྱང་བཀལ་བ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀྲུང་གོ་ཚན་རིག་ཁང་ལྷོ་རྒྱ་མཚོ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་སི་ཡིས་སླད་ཕྱིན་ཡོན་ཧྲི་ལས་དོན་ས་ཚུགས་ཀྱིས་ས་མཐོའི་ཁོར་ཡུག་ཆ་རྐྱེན་ཞན་པའི་འོག་སྐྱེ་དངོས་ཕྲ་རབ་ཀྱི་ཞིབ་འཇུག་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་རེད་ཅེས་བཤད།
         ཀྲང་སི་ཡིས་བོད་ཀྱི་ཡོན་ཧྲི་ལས་དོན་ས་ཚུགས་ཐོག་མ་བཙུགས་པ་དེས་ས་མཐོའི་སྐྱེ་དངོས་ཕྲ་རབ་ཀྱི་ཚན་རིག་ཞིབ་འཇུག་དང་ལག་རྩལ་འཕེལ་རྒྱས་ཐད་ལ་རིན་ཐང་དང་དོན་སྙིང་གལ་ཆེན་ལྡན་པས་མིའི་རིགས་ལ་དེ་བས་ལེགས་པའི་ཞབས་འདེགས་ཞུ་ཐུབ། “བོད་འདི་ས་མཐོའི་སྐྱེ་དངོས་ཕྲ་རབ་ཞིབ་འཇུག་བྱ་ཡུལ་ཡག་ཤོས་ཤིག་རེད་ལ་རྒྱ་མཚོའི་སྐྱེ་དངོས་ཕྲ་རབ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་མ་ལག་ཅིག་ཀྱང་རེད”ཅེས་བཤད།
         ངོ་སྤྲོད་བྱས་པར་གཞིགས་ན། སླད་ཕྱིན་ཡོན་ཧྲི་ལས་དོན་ས་ཚུགས་ཀྱིས་ས་མཐོའི་ཁོར་ཡུག་ཆ་རྐྱེན་ཞན་པའི་འོག་སྐྱེ་དངོས་ཕྲ་རབ་ཞིབ་འཇུག་ལ་གཞོལ་རྒྱུ་མ་ཟད། ད་དུང་ཁྲོམ་ར་དང་སྦྲེལ་མཐུད་ཧུར་ཐག་གིས་སྐྱེ་དངོས་ཕྲ་རབ་ཞིབ་འཇུག་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་དང་ལྷག་དོན་དུ་བཟའ་བཅའི་ལས་རིགས་དང་དཀར་ཆུའི་ཐོན་ལས་འཕེལ་རྒྱས་ལ“རིག་ནུས་ཀྱི་རྒྱབ་སྐྱོར”བྱ་རྒྱུ་ཡིན་པ་རེད།
         ཡོན་ཧྲི་ལས་དོན་ས་ཚུགས་བོད་ལྗོངས་ས་མཐོའི་འབྲིའི་དཀར་ཆུའི་ལས་རིགས་མ་རྐང་ཚད་ཡོད་ཀུང་སི་ལྷ་སའི་རྟེན་གཞིར་བཙུགས་ཤིང་། ཀུང་སིའི་ཏུང་ཧྲི་ཀྲང་ཝང་ཧྲི་ཆོན་གྱིས་ཡོན་ཧྲི་ལས་དོན་ས་ཚུགས་བཙུགས་པ་དེས་བོད་ཀྱི་འབྲིའི་འོ་མའི་ཐོན་ལས་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པ་དང“ཀུང་སིས་ཡོན་ཧྲི་ལས་དོན་ས་ཚུགས་ལ་བརྟེན་ནས་འབྲིའི་དཀར་ཆུའི་ཐོན་ལས་གསར་སྤེལ་གཏིང་ཟབ་བྱས་ཏེ་ས་མཐོའི་ཁྱད་ལྡན་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།