འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཤར་རྒྱུད་ཀྱི“གློག་ཤུགས་མཁའ་ལམ”ཞེས་འབོད་པའི་ཁྲོན་བོད་དྲ་སྦྲེལ་ལས་གྲྭར་ཞིབ་
    བཤེར་ཉམས་བཟོ་ཐོག་མ་བྱེད་མཇུག་འགྲིལ་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་30ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཉིན་30ལྷག་ཙམ་བྲེལ་བརྩོན་ཆེན་པོས་ཞིབ་བཤེར་ཉམས་བཟོ་བྱས་པ་བརྒྱུད། ཉེ་ཆར་བོད་ཤར་རྒྱུད་ཀྱི“གློག་ཤུགས་མཁའ་ལམ”ཞེས་འབོད་པའི་ཁྲོན་བོད་དྲ་སྦྲེལ་ལས་གྲྭའི་ཆན་ཕུའུ་500ཡི་ཐང་ལན་གྱི་གློག་སྐུད་ཉིས་གཤིབ་ནས་གློག་གཏོང་ཐུབ་པ་ལས་ཁྲོན་བོད་དྲ་སྦྲེལ་ལས་གྲྭར་ཁྱོན་ཡོངས་ནས་ཞིབ་བཤེར་ཉམས་བཟོ་ཐོག་མ་བྱེད་མཇུག་འགྲིལ་བ་མཚོན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཞིབ་བཤེར་ཉམས་བཟོ་ནི་2014ལོའི་ཟླ་11པར་གློག་གཏོང་འགོ་ཚུགས་ཚུན། ཁྱོན་ཡོངས་ནས་ཞིབ་བཤེར་ཉམས་བཟོ་བྱེད་ཐེངས་དང་པོ་དེ་ཡིན་ལ། བོད་ཀྱི་ཆུ་གློག་ཕྱིར་གཏོང་དང་གློག་དྲའི་བདེ་འཇགས་འགན་ལེན་ཐུབ་པའི་བྱ་ཐབས་གལ་ཆེན་གྲས་ཤིག་ཀྱང་ཡིན་པ་རེད།
         ད་རེས་ཞིབ་བཤེར་ཉམས་བཟོ་བྱེད་ཁྱོན་ཆེ་བ་དང་ལས་ཀའི་ཁོར་ཡུག་གི་ཆ་རྐྱེན་ཞན་པ་སོགས་ལ་དམིགས་ཏེ་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་ཞིབ་བཤེར་ཉམས་བཟོ་བྱེད་མཁན་མི་200ལྷག་ཙམ་དང་རླངས་འཁོར་སྣ་ཚོགས་ཐེངས་26བཏང་ཡོད། རྒྱལ་ཁབ་གློག་དྲ་བོད་ལྗོངས་ཞིབ་བཤེར་ཉམས་བཟོ་ཀུང་སིའི་འགན་འཁུར་བ་ཀའོ་ཧུང་ཀྲེས་ད་རེས་ཞིབ་བཤེར་ཉམས་བཟོ་བྱས་པ་དེས་ཁྲོན་བོད་དྲ་སྦྲེལ་ལས་གྲྭའི་ཆན་ཕུའུ་500ཡི་ཐང་ལན་གྱི་གློག་སྐུད་ཉིས་གཤིབ་ནས་གློག་བདེ་འཇགས་ངང་གཏོང་བའི་ནུས་པ་ཆེ་རུ་ཕྱིན་ཏེ་བོད་ཀྱི་ཆབ་མདོའི་གློག་དྲ་བདེ་འཇགས་ངང་འཁོར་སྐྱོད་དང་བོད་ཤར་རྒྱུད་ས་ཁུལ་གྱི“བོད་གློག་ཕྱིར་གཏོང”ཐུབ་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་བཤད།
         ཁྲོན་བོད་དྲ་སྦྲེལ་ལས་གྲྭ་སྐྲུན་ཡུལ་དེ་ཁྲོན་བོད་ས་མཐོའི་ལྟེ་བར་གནས་པས་དེའི་རྒྱུད་ས་ཆ་མཐོ་ལ་གྲང་བ་དང་། གནམ་གཤིས་ཆ་རྐྱེན་ཞན་པའི་ཁར་མཐོ་སར་ལས་ཀ་བྱེད་སྐབས་ཉེན་ཁ་ཆེ་བས་ད་བར་འཛམ་གླིང་ཐོག་དཀའ་ཚེགས་ཆེ་ཤོས་ཀྱི་གློག་གཏོང་སྒྱུར་གྱི་ལས་གྲྭ་ཞིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།