འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དངུལ་ཁང་གིས་མོ་རི་ཐིའུ་སིར་ཀྲུང་གོའི་མ་འཇོག་དངུལ་ཁང་ཐོག་མ་དེ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་30ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་དངུལ་ཁང་(མོ་རི་ཐིའུ་སི་)ཚད་ཡོད་ཀུང་སིས་མོ་རི་ཐིའུ་སིར་འགོ་ཚུགས་མཛད་སྒོ་འཚོགས་པ་དང་འབྲེལ་དངོས་སུ་ཕྱི་ཕྱོགས་ལ་ལས་གཉེར་བྱས་པ་དེས་མོ་རི་ཐིའུ་སིར་ལས་གཉེར་བྱས་པའི་ཀྲུང་གོའི་མ་འཇོག་དངུལ་ཁང་ཐོག་མ་དེར་གྱུར་ཡོད་པ་རེད།
         ཀྲུང་གོ་དངུལ་ཁང་(མོ་རི་ཐིའུ་སི་)ཚད་ཡོད་ཀུང་སིས་ཀུང་སིའི་དངུལ་རྩའི་ལས་སྒོ་གཙོ་བོར་བྱས་ནས་བཅོལ་དངུལ་དང་། དངུལ་བུན། དངུལ་འགྲུལ་གཏོང་བ། རྒྱལ་སྤྱིའི་རྩིས་རྒྱག ཉོ་ཚོང་མཉམ་འདྲེས་བཅས་ཀྱི་ལས་སྒོ་ཤུགས་ཆེར་བཏང་སྟེ་རྒྱལ་སྒྲོལ་མི་དམངས་ཤོག་སྒོར་གྱི་ལས་སྒོ་ཧུར་ཐག་སྤེལ་རྒྱུ་ཡིན་པ་རེད།
         ཀྲུང་གོ་དངུལ་ཁང་གིས་མིག་སྔར་རྒྱལ་ཁབ་དང་ས་ཁུལ་40ལྷག་ཙམ་དུ་ཕྱི་རྒྱལ་དུ་ཡན་ལག་དང་ཉིང་ལག་སྒྲིག་གཞི་བཙུགས་ཡོད་པ་དེའི་ནང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་6ཚུད་ཡོད་པ་མ་ཟད། རྒྱལ་ཁབ་དང་ས་ཁུལ་180ཡི་ཕྱི་རྒྱལ་གྱི་དངུལ་ཁང་1600ཙམ་དང་ཚབ་སྒྲུབ་འབྲེལ་བ་བཙུགས་ནས་གོ་ལ་ཧྲིལ་པོར་ཁྱབ་པའི་ཞབས་ཞུའི་དྲ་བ་བསྐྲུན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།