འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཏུག་བཤེར་རྫུས་མ་ཤེས་རྟོགས་དང་ཞིབ་བཤེར་
    ཐག་གཅོད་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་30ཉིན། 09:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         ཟླ་9ཚེས་28ཉིན་གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱས་པར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་ཀྱི་རིམ་ཁག་ཞིབ་དཔྱོད་སྡེ་ཚན་ལ་གཏུག་བཤེར་རྫུས་མར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་གཏུག་བཤེར་རྫུས་མ་ཤེས་རྟོགས་དང་ཞིབ་བཤེར་ཐག་གཅོད་ཀྱི་ཕུགས་ཕན་ལམ་སྲོལ་རིམ་གྱིས་འཛུགས་རྒྱུའི་བླང་བྱ་འདོན་བཞིན་ཡོད་པ་རེད།
         གཏུག་བཤེར་རྫུས་མས་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་སྟེ་རྒྱུན་གཏན་གྱི་ཁྲིམས་འཛིན་སྒྲིག་ལམ་ལ་འགོག་རྐྱེན་བཟོ་བའི་གཏུག་བཤེར་རྫུས་མའི་གནད་དོན་ལ་ད་ཆ་ཕྱོགས་མང་པོས་དོ་སྣང་བྱེད་ཀྱི་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《ཉེས་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན(དགུའི)》ནང་གཏུག་བཤེར་རྫུས་མའི་ཉེས་པ་གསར་དུ་བསྣན་ནས་ཉེས་དོན་ཁྲིམས་འདོམས་ཀྱི་བྱེད་ཐབས་ཐོག་ནས་གཏུག་བཤེར་རྫུས་མའི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་གྱི་འགྲེལ་བཤད་ནང་ཁྲིམས་ཁང་གིས་དམངས་ཁྲོད་ཀྱི་བུ་ལོན་བཏང་བའི་གྱོད་གཞི་རྫུས་མར་ཞིབ་དཔྱད་བྱེད་པའི་འོས་འགན་དང་དབྱེ་འབྱེད་ཀྱི་ཚད་གཞི་གཏན་འབེབས་བྱས་པ་མ་ཟད། ད་དུང་གཏུག་བཤེར་རྫུས་མར་འགོག་ཟོན་དང་ཁྲིམས་འདོམས་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཆེད་མངགས་ཁྱབ་བསྒྲགས་བྱས་ཡོད།
         དེར་བརྟེན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཏུག་བཤེར་རྫུས་མར་ལྟ་སྐུལ་བྱ་རྒྱུ་དེ་དམངས་དོན་སྲིད་འཛིན་ཞིབ་དཔྱོད་ལས་དོན་གྱི་ཚད་བརྒལ་དང་འཇུག་གཞིར་བྱས་ཏེ་ཕྱོགས་གཅིག་ནས་དེ་ནི་བཟོ་བཅོས་བྱས་རྗེས་ཀྱི་དམངས་དོན་གཏུག་བཤེར་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་དྲང་གཞག་ཡིད་རྟོན་གྱི་རྩ་དོན་ལག་བསྟར་དང་སྲུང་སྐྱོང་བྱས་པ་ཞིག་ཡིན་ལ་ཕྱོགས་གཞན་ཞིག་ནས་དེ་ནི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི《གཏན་འབེབས》ཀྱི“གཏུག་བཤེར་རྫུས་མ་དང་། ངན་སེམས་བཅངས་ནས་གཏུག་བཤེར་བྱེད་པ། ཁུངས་མེད་གཏུག་བཤེར་བྱེད་པ་བཅས་ཀྱི་བྱེད་སྤྱོད་ལ་ཁྲིམས་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི”སྐོར་གྱི་བླང་བྱ་དེར་བརྡ་ལན་ཧུར་ཐག་བཏང་བ་ཞུས་པ་ཞིག་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།