འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་བརྒྱད་པར་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་ཆེས་ཆེར་འཕར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་30ཉིན། 09:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         ཟླ་9ཚེས་27ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་བཟོ་ལས་ཁེ་ལས་ཀྱི་ནོར་དོན་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བརྒྱད་པའི་བར། གཞི་ཁྱོན་ཆེ་བའི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་8.4%འཕར་བ་དང་འཕར་ཚད་ཟླ་དང་པོ་ནས་བདུན་པའི་བར་ལས་བརྒྱ་ཆའི་གྲངས་1.5མགྱོགས་སུ་ཕྱིན་ཡོད་པ་རེད། དེའི་ནང་། ཟླ་བརྒྱད་པའི་ཁེ་སྤོགས་དུས་མཚུངས་ལས་19.5%འཕར་ནས་འཕར་ཚད་ཟླ་བདུན་པ་ལས་བརྒྱ་ཆའི་གྲངས་8.5མགྱོགས་སུ་ཕྱིན་པ་དེ་ནི་འདི་ལོ་ཚུན་ཟླ་རེའི་འཕར་ཚད་མཐོ་ཤོས་ཡིན་པ་རེད།
         ཟླ་བརྒྱད་པའི་བཟོ་ལས་ཁེ་ལས་ཀྱི་ཕན་འབྲས་མུ་མཐུད་ལེགས་སུ་ཕྱིན་ནས་འགྱུར་ལྡོག་ཕྱིན་པ་མངོན་པ་དང་སྲིད་ཇུས་ཕན་འབྲས་ཀྱང་མུ་མཐུད་མངོན་ཡོད། ལས་རིགས་མང་ཆེ་བའི་ཁེ་སྤོགས་འཕར་ཚད་མགྱོགས་སུ་ཕྱིན་པའམ་ཡང་ན་ཆག་ཚད་ཆུང་དུ་ཕྱིན་ཡོད་པ་དང་། ཁེ་སྤོགས་ཐོབ་ཚད་མྱུར་པོས་འཕར་བ། ཚན་པའི་མ་གནས་དུས་མཚུངས་ལས་ཆག་པ། གྱོང་གུན་ཕོག་པའི་ཁེ་ལས་ཀྱི་གྱོང་གུན་ཕོག་ཚད་དུས་མཚུངས་ལས་ཆག་པ། ཐོན་སྐྱེད་སྒྲུབ་རྫས་མཛོད་ཉར་བྱེད་ཚད་མུ་མཐུད་ཆག་པ། མ་རྩ་བུ་ལོན་ཟུག་ཚད་མུ་མཐུད་ཆག་པ་བཅས་རེད།
         རྒྱལ་ཁབ་བསྡོམས་རྩིས་ཅུས་བཟོ་ལས་སིའི་འབུམ་རམས་པ་ཧོ་ཕིང་གིས་དབྱེ་ཞིབ་བྱས་པར། ཟླ་བརྒྱད་པའི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་འཕར་ཚད་ཅུང་མགྱོགས་པོ་ཡོད་པ་དང་སླར་གསོ་རང་བཞིན་ངང་འཕར་ཚུལ་མངོན་པར་གཙོ་བོ་ཕྱོགས་ལྔའི་ཐད་ཀྱི་ཤུགས་རྐྱེན་ཐེབས་པ་སྟེ། གཅིག་ནི་བཟོ་ལས་ཐོན་སྐྱེད་བྲིན་ཚོང་འཕར་ཚད་མགྱོགས་སུ་ཕྱིན་པ་དང་། གཉིས་ནི་རིན་གོང་མུ་མཐུད་འཕར་བ། གསུམ་ནི་ཚན་པའི་མ་གནས་མུ་མཐུད་ཆག་པ། བཞི་ནི་ན་ནིང་གི་དུས་མཚུངས་ཀྱི་གཞི་གྲངས་ཅུང་དམའ་བ། ལྔ་ནི་རླངས་འཁོར་དང་། ལྕགས་རིགས། རྡོ་སྣུམ་ལས་སྣོན་བཅས་ཀྱི་ལས་རིགས་ལ་སྐུལ་ཁྲིད་ཐེབས་པ་བཅས་རེད། ཁོང་གིས་ཟླ་བརྒྱད་པའི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་འཕར་ཚད་ཅུང་མཐོ་པོ་ཡོད་མོད། འོན་ཀྱང་ཚད་མཐོ་ཤོས་ནི་ན་ནིང་དུས་མཚུངས་ཀྱི་ཁེ་སྤོགས་གཞི་གྲངས་ཅུང་དམའ་བ་ལས་བྱུང་བ་ཞིག་རེད། “མིག་སྔར། ཁེ་ལས་ཀྱི་ཕན་འབྲས་མུ་མཐུད་ཅུང་མགྱོགས་པོའི་ངང་འཕར་རྒྱུར་འདེགས་སྐྱོར་བྱེད་པའི་རྨང་གཞི་ད་དུང་བརྟན་པོ་མེད་པ་དང་། ཕྱི་ནང་གི་དགོས་མཁོ་སྔར་བཞིན་མི་འདང་བ། ཁེ་ལས་ཀྱི་བསྡུ་དགོས་ངེས་ཀྱི་རྩིས་ཐོག་གྲོན་དངུལ་ཕྱིར་བསྡུའི་དུས་ཡུན་སྔར་བཞིན་རིང་བ། སྲོལ་རྒྱུན་ལས་རིགས་དང་ལྷག་པར་དུ་ཐོན་ནུས་ལྷག་མའི་ལས་རིགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་སྔར་བཞིན་དཀའ་ངལ་ཆེ་བ། དངོས་ཚན་དཔལ་འབྱོར་གྱི་སྤུས་ཚད་མཐོར་གཏོང་དང་ནུས་པ་ཆེར་གཏོང་བྱ་རྒྱུར་སྔར་བཞིན་འབད་བརྩོན་བྱེད་དགོས་ཀྱི་ཡོད་”ཅེས་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།