འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།བར་ཐག་སྤྱི་ལེ་3000བརྒལ་བའི་སྐྱོབ་བཅོས་ཤིག 

    ཐེན་ཅིན་དང་བོད་ཀྱིས་ལུས་པོ་མང་ཆེ་བ་ཚིག་རྨས་ཤོར་བའི་བོད་རིགས་བྱིས་པ་ཛ་དྲག་ངང་སྐྱོབ་བཅོས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་20ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བར་ཐག་སྤྱི་ལེ་3000བརྒལ་བའི་སྐྱོབ་བཅོས་ཤིག
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་16ཉིན་ཐེན་ཅིན་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ལས་དོན་སྒྲུབ་སྐབས་ལུས་པོ་མང་ཆེ་བ་ཚིག་རྨས་ཤོར་བའི་བྱིས་པ་ཞིག་ཤེས་པ་དང་། ཚིག་རྨས་ཤོར་ནས་ད་བར་ཟླ་1ལྷག་ཙམ་སོང་ཡོད་ནའང་། ས་གནས་དེ་གའི་སྨན་བཅོས་ཆ་རྐྱེན་ཞན་པས་རྨ་ཁ་དྲག་སྐྱེད་བྱུང་མེད། སྨན་བཅོས་རུ་ཁག་གིས་འཕྲལ་མར་ཐེན་ཅིན་ལྟེ་བའི་སྨན་ཁང་དང་པོའི་བྱད་བཞིན་མཛེས་བཟོ་དང་ཚིག་རྨས་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་ལི་ཞའོ་པིང་དང་འབྲེལ་བ་བྱས་ནས་བྱིས་པ་དེ་ཐེན་ཅིན་དུ་སྨན་བཅོས་བྱེད་པར་སྐྱེལ་རྩིས་བྱས། དེ་རྗེས་ཐེན་ཅིན་དང་བོད་དབར་སྤྱི་ལེ་3000སྒྲོལ་བའི་གཅེས་སེམས་བརྒྱུད་སྤྲོད་བྱེད་འགོ་ཚུགས།
         བྱིས་པ་དེར་བློ་བཟང་ཟེར་ཞིང་། ལོ་12ཡིན་པ་དང་། ཟླ་བ་གཅིག་ལྷག་ཙམ་གོང་བཙས་མ་བརྔ་སྐབས་འཕྲུལ་ཆས་ནས་སྣུམ་འཛག་ཏེ་ལུས་པོ་80%ཚིག་རྨས་ཤོར་བ་རེད།
         ཕྱི་དྲོའི་ཆུ་ཚོད་4པ་ཙམ་ལ་གནམ་གྲུ་ཐེན་ཅིན་པིན་ཧའེ་གནམ་ཐང་དུ་འབྱོར། དེ་གར་སྔ་ས་ནས་བསྒུགས་ཡོད་པའི་སྨན་དོན་མི་སྣས་བློ་བཟང་མྱུར་སྐྱོབ་རླངས་འཁོར་ནང་བླུགས་ཏེ་ཐེན་ཅིན་ལྟེ་བའི་སྨན་ཁང་དང་པོའི་བྱད་བཞིན་མཛེས་བཟོ་དང་ཚིག་རྨས་ཕྱི་ནད་ཚན་ཁག་གི་ནད་ཁང་དུ་བསྐྱལ།
         ནད་ཁང་དུ་འབྱོར་རྗེས། སྨན་དོན་མི་སྣས་འཕྲལ་མར་བློ་བཟང་གི་ནད་གཞིར་དཔྱད་དཔོག་བྱས་པ་དང་། སྨན་སྟེར་བ་དང་གཉན་ཁ་འགོག་ཐབས་བྱས། མིག་སྔར་ནད་གཞིའི་གནས་ཚུལ་ཚབས་ཆེར་འགྲོ་ཡི་མེད་པ་རེད།
         ཐེན་ཅིན་ལྟེ་བའི་སྨན་ཁང་དང་པོའི་ངོ་སྤྲོད་ལྟར་ན། བློ་བཟང་གི་ཁྱིམ་ཚང་དཀའ་ངལ་ཆེ་བས་སྨན་རིན་སྤྲོད་ཐུབ་ཀྱི་མེད། མིག་སྔར་སྨན་ཁང་གི་ཚིག་རྨས་ཚན་ཁག་གིས་ཚན་ཁག་གི་མི་སྣར་ཞལ་འདེབས་རྒྱག་རྒྱུའི་འབོད་སྐུལ་བྱེད་བཞིན་ཡོད་པ་དང་སྨན་ཁང་གིས་ཀྱང་སྨན་རིན་ཆག་ཡང་གཏོང་བའི་ཐད་གྲོས་བསྡུར་བྱེད་བཞིན་ཡོད་པ་རེད། དེ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་མི་སྣས་ཀྱང་གཅེས་སེམས་ཞལ་འདེབས་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།
    ༄༅།།བར་ཐག་སྤྱི་ལེ་3000བརྒལ་བའི་སྐྱོབ་བཅོས་ཤིག
    ༄༅།།བར་ཐག་སྤྱི་ལེ་3000བརྒལ་བའི་སྐྱོབ་བཅོས་ཤིག
      

    ཕྱོགས་བསྡུས་གསར་འགྱུར།