འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཞིང་འབྲོག་སློབ་གྲྭ་ཆེན་མོའི་སྒོ་བྱང་འགེལ་བའི་མཛད་སྒོ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 12:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཞིང་འབྲོག་སློབ་གྲྭ་ཆེན་མོའི་སྒོ་བྱང་འགེལ་བའི་མཛད་སྒོ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་26ཉིན། བོད་ལྗོངས་ཞིང་འབྲོག་སློབ་གྲྭ་ཆེན་མོས་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པའམ་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥང་ལིང་མིན་མཛད་སྒོར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད།
         སྒོ་བྱང་འགེལ་བའི་མཛད་སྒོ་ཐོག ཧྥང་ལིང་མིན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་དང་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་ཞིང་འབྲོག་སློབ་གྲྭ་ཆེན་མོའི་དགེ་སློབ་དང་ལས་མི་ཡོངས་ལ་རྟེན་འབྲེལ་ཞུ་ཚིག་གནང་བ་བརྒྱུད་བསྒྲགས་བྱས་ནས་ལོ་མང་རིང་སློབ་གྲྭའི་འཕེལ་རྒྱས་ལ་རྔུལ་ཁྲག་བཏོན་པའི་འབྲེལ་ཡོད་སྡེ་ཚན་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་ལ་བཀའ་དྲིན་ཞུ་བ་རེད། ཁོང་གིས་བོད་ལྗོངས་ཞིང་འབྲོག་སློབ་གྲྭ་ཆེན་མོ་བཙུགས་ནས་ལོ་ངོ་44འཁོར་བའི་རིང་ལ། "ཞིང་གསུམ"ལ་ཞབས་འདེབས་ཞུ་རྒྱུ་དེ་རང་འགན་དུ་བླངས་ནས་ངེད་རང་སྐྱོང་ལྗོངས་ལ་ཕུལ་བྱུང་སློབ་ཐོན་སློབ་མ་ཁྲི་2ལྷག་ཙམ་བསྐྱལ་ནས་རང་སྐྱོང་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག་ཡོད་ཅེས་བསྟན་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།བོད་ལྗོངས་ཞིང་འབྲོག་སློབ་གྲྭ་ཆེན་མོའི་སྒོ་བྱང་འགེལ་བའི་མཛད་སྒོ།
      

    ཕྱོགས་བསྡུས་གསར་འགྱུར།