འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དེང་རབས་རི་མོའི་སྤུས་རྟགས་མོ་ཞི་ཁོར་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་30ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་ཀྲུང་གོའི་མཛེས་རྩལ་ཁང་གིས་ཇུས་འགོད་བྱས་པའི“ཀྲུང་གོའི་རྟོག་རྣམ་རི་མོ་སྟེ། ཀྲུང་གོའི་མཛེས་རྩལ་ཁང་གི་སྒྱུ་རྩལ”གྱི་མུ་འབྲེལ་འགྲེམས་སྟོན་མོ་ཞི་ཁོ་གྲོང་གི་ཧྲེང་དབྱི་ཏེ་ཧྥང་སུའོ་སློབ་གླིང་ལ་གཟབ་རྒྱས་ངང་འགོ་ཚུགས་པ་དང་མོ་ཞི་ཁོའི་ལས་རིགས་ཁག་གི་འཐུས་མི་300ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད།
         འགྲེམས་སྟོན་ལ་《ཟུར་ཚད་མི་འདྲ་བའི་ཐོག་ནས་དེང་རབས་ཀྲུང་གོའི་སྣག་རིས་འཕེལ་རྒྱས་འགྲོ་ཚུལ་ལ་ལྟ་བ་》དང་། 《ཀྲུང་གོ་དང་ནུབ་ཕྱོགས་མཉམ་འདྲེས་ཡོང་བ་བྱས་ཏེ་ཀྲུང་གོའི་དེང་རབས་སྒྱུ་རྩལ་ཁྲོད་ཀྱི་ཀྲུང་གོའི་རྟོག་རྣམ་རི་མོའི་འགྱུར་ལྡོག་གླེང་བ་》 《མཛེས་པའི་ཕ་ཡུལ་ལ་བརྩེ་བའི་ཀྲུང་གོའི་དམངས་ཁྲོད་ཀྱི་རི་མོའི་བརྩམས་ཆོས་སྤུས་རྟགས་》བཅས་རྣམ་གྲངས་ཕལ་བ་3འགྲེམས་སྟོན་བྱས་པའི་ནང་འཐུས་ཚབ་ལྡན་པའི་སྣག་རིས་དང་། སྣུམ་ཚོན། བརྐོས་རིས། འཇིམ་བརྐོས་སོགས་ཀྲུང་གོའི་དེང་རབས་ཀྱི་རི་མོའི་གསར་རྩོམ་གྱི་སྤུས་ལེགས་བརྩམས་ཆོས་དང་དེ་བཞིན་ཤོག་དྲས་འདྲ་གཟུགས་དང་། ཀོ་བརྙན་ཟློས་གར། འབག་སོགས་ཀྲུང་གོའི་དམངས་ཁྲོད་ཀྱི་རི་མོའི་སྤུས་རྟགས་ཀྱིས་ཀྲུང་གོའི་དེང་རབས་རི་མོ་དང་དམངས་ཁྲོད་རི་མོར་ཆ་ལག་ཚང་བའི་ངོ་སྤྲོད་ཐེངས་ཤིག་བྱས་པ་ལས། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་ཀྲུང་གོའི་དེང་རབས་ཀྱི་རི་མོ་གསར་རྩོམ་འཕེལ་རྒྱས་ཀྱི་ཁ་ཕྱོགས་མངོན་པ་དང་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་མཚོན་ཐབས་ཀྱི་སྤྱི་ཁོག་ཙམ་བསྟན་ཡོད།
         ཤེས་རྟོགས་བྱུང་བར་གཞིཌ་ན། འགྲེམས་སྟོན་དེ་2017ལོའི་ཟླ་2ཚེས་19ཉིན་བར་སྟོན་རྒྱུ་ཡིན་ཞིང་། དེའི་རིང་། ཀྲུང་གོ་དང་མོ་ཞི་ཁོ་རྒྱལ་ཁབ་གཉིས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཧྲེང་དབྱི་ཏེ་ཧྥང་སོའུ་སློབ་གླིང་དང་མོ་ཞི་ཁོ་རྒྱལ་བཙུགས་རང་སྐྱོང་སློབ་ཆེན་སོགས་ལ་ཆེད་ལས་ཀྱི་བགྲོ་གླེང་ཚོགས་འདུ་འཚོག་རྒྱུ་དང་འཆད་ཁྲིད་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།