འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་འདི་ལོའི་གོ་ལ་ཧྲིལ་པོའི་ཚོང་དོན་འཕར་བའི་སྔོན་
    དཔག་དམའ་རུ་ཤུགས་ཆེན་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་30ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་2016ལོའི་གོ་ལ་ཧྲིལ་པོའི་ཚོང་དོན་འཕར་བའི་སྔོན་དཔག་དེ་དེ་གོང་སྔོན་དཔག་བྱས་པའི་2.8%ནས་1.7%བར་དམའ་རུ་བཏང་བ་མ་ཟད། འདི་ལོ་ནི་2009ལོའི་ཚུན་གྱི་གོ་ལ་ཧྲིལ་པོའི་ཚོང་དོན་འཕར་འགོར་ཤོས་ཀྱི་ལོ་ཞིག་ཡིན་པའི་སྔོན་དཔག་ཀྱང་བྱས་ཡོད་པ་རེད།
         འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལ་གཞིགས་ན། འདི་ལོའི་དུས་ཚིགས་དང་པོ་དང་གཉིས་པའི་གོ་ལ་ཧྲིལ་པོའི་ཚོང་ཟོག་ཉོ་ཚོང་བསྡོམས་འབོར་དེ་སྔོན་དཔག་བྱས་པ་ལས་དམའ་བ་ཡོད་ཅིང་། དེའི་ནང་དུས་ཚིགས་གོང་མ་དང་བསྡུར་ན་1.1%ཆག་པ་དང་དུས་ཚིགས་གཉིས་པ་དང་བསྡུར་ན་དུས་ཚིགས་དང་པོར་0.3%འཕར་ཡོད་པ་རེད།
         འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་འདི་ལོའི་ལོ་སྨད་དུ་གོ་ལ་ཧྲིལ་པོའི་ཚོང་དོན་ཐད་བསྐྱར་འཕར་ཡོང་སྲིད་མོད། འོན་ཀྱང་འཕར་ཚད་ལ་སྔར་བཞིན་ཚོད་འཛིན་ཐེབས་རྒྱུ་ཡིན་ཞེས་སྔོན་དཔག་བྱས་ཡོད་པ་རེད། རྩ་འཛུགས་དེས་ད་དུང་2017ལོའི་གོ་ལ་ཧྲིལ་པོའི་ཚོད་དོན་འཕར་བའི་སྔོན་དཔག་དེ་1.8%ནས་3.1%བར་དམའ་རུ་བཏང་ཡོད་པ་རེད།
         འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཨ་ཙ་ཝེ་ཏའོ་ཡིས་གོ་ལ་ཧྲིལ་པོའི་ཚོང་དོན་ལ་འཕར་བྱེད་འགོར་དུ་འགྲོ་བའི་ཚོད་བགམ་དྲག་པོ་ཞིག་འཕྲད་མོད། འོན་ཏེ་གོ་ལ་ཧྲིལ་པོ་ཅན་ལ་ངོ་རྒོལ་གྱི་རྣམ་འགྱུར་ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་རྒྱབ་ལྗོངས་འོག་ཚོད་བགམ་དེར་ཀུན་ལ་སེམས་ཁྲལ་བྱེད་ཀྱི་ཡོད། མིག་སྔར་ཚོང་དོན་གྱི་ཟུར་ཚད་དང་། གསར་གཏོད་ལས་གཏོད་ཀྱི་ཟུར་ཚད། དཔལ་འབྱོར་འཕར་བའི་ཟུར་ཚད་བཅས་ཕྱོགས་གང་ནས་བལྟས་རུང་ཚང་མས་ངེས་པར་དུ་དེང་གི་དུས་བབ་དེས་དཔལ་འབྱོར་དངོས་ཚན་ཁག་ལ་ཁྲིད་སྟོན་ནོར་འཁྲུལ་བྱས་པ་ལས་མིག་སྔའི་དུས་བབ་སྔར་བས་ཇེ་སྡུག་ཏུ་འགྲོ་བའི་གནས་ཚུལ་མི་ཐོན་པའི་འགན་ལེན་བྱེད་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།