འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་འབྱུང་ཁམས་རིག་གནས་ཡུལ་སྐོར་དུས་ཆེན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 09:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།2016ལོའི་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་འབྱུང་ཁམས་རིག་གནས་ཡུལ་སྐོར་དུས་ཆེན།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་26ཉིན་གྱི་སྔ་དྲོ“མི་ཡུལ་གྱི་དག་ཞིང་། ཡིད་འོང་གི་ཉིང་ཁྲི”ཞེས་པའི་བརྗོད་བྱ་གཙོ་བོའི་2016ལོའི་བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་འབྱུང་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་ཉིང་ཁྲི་གྲོང་ཁྱེར་མི་དམངས་ལུས་རྩལ་ཐང་ཆེན་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།
         རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས“2016ལོའི་བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་འབྱུང་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པའི”ཁྱབ་བསྒྲགས་གནང་བ་རེད།
        སྐབས་འདིའི་བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་འབྱུང་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་ནང་རིག་གནས་དང་ལུས་རྩལ་བྱེད་སྒོ་དང་། ཡུལ་སྐོར་མྱོང་རོལ། གླེང་སྟེགས་སྤེལ་རེས། ཚོང་དོན་འོས་སྦྱོར་སོགས་བྱེད་སྟངས་བརྒྱུད་ཉིང་ཁྲིའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པ་བྱེད་པའི་དམིགས་ཡུལ་ནི་ཡུལ་སྐོར་དང་རིག་གནས་མཉམ་འདྲེས་དམ་ཟབ་དང་སྣོད་བཅུད་མཉམ་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ནས་ས་ཁོངས་ཡོངས་ལ་ཡུལ་སྐོར་མགྱོགས་མྱུར་བསྒྱུར་བ་བྱས་ཏེ་ཉིང་ཁྲིའི་དཔལ་འབྱོར་དངོས་ཤུགས་དང་། འཕེལ་རྒྱས་གསོན་ཤུགས། ས་ཁོངས་འགྲན་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དེ་ཡིན་པ་རེད། དུས་ཡུན་ཉིན་བཞིའི་བྱེད་སྒོའི་ནང“མཛེས་པའི་ཉིང་ཁྲི·རི་རྩེ་ནས་མཛེས”ཞེས་པའི་པར་རྒྱག་འགྲེམས་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་འགྲེམས་འཁྲབ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ། ཀླུ་ནང་མྱོང་རོལ། ཀླུ་ནང་ཡུལ་སྐོར་མཐོ་རིམ་གླེང་སྟེགས། བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་གླེང་སྟེགས། བོད་ལྗོངས་ཉིང་ཁྲིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པ། ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་སོགས་བྱེད་སྒོ་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་རེད།
         འགོ་ཚུགས་མཛད་སྒོའི་ཐོག་བརྗོད་བྱ་གཙོ་བོའི་རུ་སྟར་གྲུ་བཞི་དང་ཕྱོགས་བསྡུས་རུ་སྟར་གྲུ་བཞི་11གིས་ཉིང་ཁྲིའི་མི་རིགས་ཁག་གི་བུ་ཕྲུག་ཚོའི་བློ་སྟོབས་ཆེར་སྐྱེད་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱས་པས་ཐུན་མིན་མཛེས་ལྗོངས་དང་ཡིད་དབང་འཕྲོག་ཤུགས་ཆེ་བས་ས་གནས་ས་ཐོག་གི་ལྟད་མོ་བ་ཚོའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་ཁར་བསྔགས་བརྗོད་ཀྱང་ཐོབ་པ་རེད།
         འགོ་ཚུགས་མཛད་སྒོའི་ཐོག་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་མ་ཧྲེང་ཁྲང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“ཉིང་ཁྲིའི་རྒྱལ་ཁབ་འབྱུང་ཁམས་ཡུལ་སྐོར་ཁུལ་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི”བཀོད་སྒྲིག་གནང་སྟེ། ཉིང་ཁྲིའི་འབྱུང་ཁམས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཆེན་མོ་དང་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཉིང་ཁྲི་གྲོང་ཁྱེར་གྱིས་དེ་གོ་སྐབས་སུ་བྱས་ནས་ཉིང་ཁྲིའི་འབྱུང་ཁམས་ཡུལ་སྐོར་ཐོན་ཁུངས་ཀྱི་ཐུན་མིན་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ། ས་ཁོངས་ཡུལ་སྐོར་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཡུལ་སྐོར་ཐོན་ལས་ཉིད་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་དང་མི་དམངས་མང་ཚོགས་ཚོར་སྔར་བས་ཕན་པ་ཐོབ་པའི་དེང་རབས་ཞབས་ཞུའི་ལས་རིགས་སུ་སྐྱེད་སྲིང་བྱས་ཁར་ཉིང་ཁྲི་འདི་ཉིད་འཛམ་གླིང་ཡུལ་སྐོར་བྱ་ཡུལ་གལ་ཆེན་དུའང་གཏོད་རྒྱུ་ཡིན་ཞེས་བཤད།
    ༄༅།།2016ལོའི་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་འབྱུང་ཁམས་རིག་གནས་ཡུལ་སྐོར་དུས་ཆེན།
    ༄༅།།2016ལོའི་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་འབྱུང་ཁམས་རིག་གནས་ཡུལ་སྐོར་དུས་ཆེན།
      

    ཕྱོགས་བསྡུས་གསར་འགྱུར།