འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡུལ་ཤུལ་ཁུལ་དུ་ད་ལོའི་སྟོན་དུས་ཀྱི་ཁ་བ་དང་པོ་བབས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 09:03】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མཚོ་སྔོན་ཡུལ་ཤུལ་ཁུལ་དུ་ད་ལོའི་སྟོན་དུས་ཀྱི་ཁ་བ་དང་པོ་བབས་པ།
         མི་དམངས་དྲ་བའི་འཕྲིན། འབྲས་ལྡན་དུས་སུ་མཚོ་སྔོན་ཡུལ་ཤུལ་ཁུལ་ཡུལ་ཤུལ་གྲོང་ཁྱེར་དང་འབྲི་སྟོད་རྫོང་སོགས་སུ་ད་ལོའི་ཁ་བ་དང་པོ་བབས་པ་རེད། ཉིན་དེར་མཐའ་ཡས་པའི་ཡུལ་ཤུལ་ཁུལ་གྱི་ཡུལ་ཤུལ་གྲོང་ཁྱེར་དང་འབྲི་སྟོད་རྫོང་སོགས་ལ་དར་དཀར་གྱིས་བཀླུབས་པ་ལྟར་སྣང་ཞིང་། ལྷག་དོན་དུ་སྤྲིན་དཀར་ལང་ལོང་རྒྱུ་བས་ཡུལ་ཤུལ་སྔར་བས་ལྟ་ན་སྡུག་པར་གྱུར་ཏེ་ཡུལ་སྐོར་བའི་བསྔགས་བརྗོད་ཐོབ་ཡོད། ཡུལ་ཤུལ་ཁུལ་གྱིས་ཞིང་འབྲོག་པར་སྔ་སྣུར་དུ་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས་པར་བརྟེན། གངས་བབས་ཀྱང་ཁུལ་དེ་ཡོངས་ཀྱི་འབྲོག་ལས་དང་ཞིང་ལས་ཐོན་སྐྱེད་ལ་གནོད་འཚེ་གང་ཡང་ཕོག་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།