འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མངའ་རིས་ས་ཁུལ་གྱིས་སྤུ་ཧྲེང་ཡུལ་སྐོར་གནམ་གཤིས་ས་ཚིགས་དང་པོ་དེ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་30ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་མངའ་རིས་ས་ཁུལ་གནམ་གཤིས་ཅུས་ལྟ་ཞིབ་ལྟེ་གནས་ཀྱི་ལག་རྩལ་པ་དང་། སྤུ་ཧྲེང་རྫོང་གནམ་གཤིས་ཅུས་ཀྱི་ལས་དོན་པ། ཅང་སུའུ་ཞིང་ཆེན་ཝུའུ་ཤིས་གནམ་གཤིས་སྒྲིག་ཆས་ཡོ་བྱད་བཟོ་གྲྭའི་ལས་དོན་པ་བཅས་ཀྱིས་སྤུ་ཧྲེང་རྫོང་གི་ཡུལ་སྐོར་གནམ་གཤིས་གཞི་རྩའི་ལྟ་ཞིབ་ཚད་འཇལ་རང་འགུལ་ས་ཚིགས་ཏེ། སྒྲོལ་མ་ལ་གནམ་གཤིས་ས་ཚིགས་ཐུན་མོང་ཐོག་བསྐྲུན་པ་རེད།
         སྒྲོལ་མ་ལ་ཡུལ་སྐོར་གནམ་གཤིས་ས་ཚིགས་ནི་ས་གནས་ཀྱིས་མ་འཇོག་བྱས་པའི་འཛུགས་སྐྲུན་རྣམ་གྲངས་ཁག་དང་པོ་དེ་རེད། དེ་བསྐྲུན་པའི་དམིགས་ཡུལ་ནི་ཉེ་འཁོར་གྱི་གངས་རིན་པོ་ཆེའི་ཡུལ་སྐོར་གནམ་གཤིས་སྔོན་བརྡ་གཏོང་བའི་ཆེད་དུ་རེད། མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་6656ཡོད་པའི་གངས་རིན་པོ་ཆེ་ནི་ཀྲུང་གོའི་རི་བོ་གྲགས་ཅན་བཅུའི་གྲས་ཤིག་དང་ནང་བསྟན་ཆོས་ལུགས་ཀྱི་གནས་མཆོག་ཅིག་རེད། ལོ་ལྟར་རྒྱ་གར་དང་ནེ་པ་ལ་སོགས་རྒྱལ་ཁབ་ཀྱི་དད་ལྡན་པ་དང་ཡུལ་སྐོར་བ་ཁྲི་བརྒྱ་གྲངས་མང་པོ་རི་སྐོར་དུ་ཡོང་གི་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།